ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།
2023.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ནེ་ཀྲི་རི་ཡཱའི་ལམ་སྲིད་དོ་དམ་སྡེ་ཁག་གིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་ཉེར་གསུམ་ཉིན་ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཆི་མངའ་སྡེ་ནས་ལོག་པ་དང་། རླངས་འཁོར་སྟེང་གི་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ལྗིད་མོ་ཕོག་ཡོད་ཟེར།

ནེ་ཀྲི་རི་ཡཱའི་ལམ་སྲིད་དོ་དམ་སྡེ་ཁག་གིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་སྟེང་ཁ་ལོ་བ་དང་བཅས་པའི་མི་སོ་ལྔ་ཡོད་པ་དང་། རླངས་འཁོར་དེ་འགྲུལ་བཞུད་བྱེད་སྐབས་སྐྱ་བ་ཞིག་གློ་བུར་དུ་གད་ནས་ཁ་ལོ་བྱེད་ཐབས་བྲལ་ཏེ་ལོག་ནས་གཏོར་བརླག་ཚབས་ཆེན་ཐེབས་པ་རེད། རླངས་འཁོར་སྟེང་གི་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། རྨས་བཅུ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

ཐེག་ཚད་ལས་བརྒལ་བ་དང་ཁ་ལོ་བྱེད་ཐབས་ལུགས་མཐུན་མིན་པ། ལམ་མི་བདེ་བ་སོགས་ཀྱི་དབང་གིས་ནེ་ཀྲི་རི་ཡཱ་རུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།