དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ཁང་བ་སྟོང་གཅིག་གསར་དུ་ལས་རྒྱུ་རེད།
2023.03.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

དབྱི་སི་རལ་གྱི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ད་ལྟའི་ཞི་བདེ་ཞེས་པས་ཚེས་ཉེར་བཞི་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ས་ཞིང་དོ་དམ་ཅུའུ་ཡིས་ཉེ་སྔོན་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་ཤར་མའི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་སྟོང་གཅིག་དང་ཉེར་དགུ་གསར་དུ་ལས་པའི་ཚོང་འགུག་འཆར་གཞི་ཁྱབ་བསྒྲགས་བྱས་ཡོད་ཟེར།

ད་ལྟའི་ཞི་བདེ་ཞེས་པས་བསྟན་དོན། དབྱི་སི་རལ་གྱིས་གསར་དུ་ལས་རྩིས་ཡོད་པའི་གཏན་སྡོད་ཁང་བའི་གྲས་སུ་ཁང་བ་དགུ་བརྒྱ་དང་བཞི་བཅུ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཨེ་ཧྥོ་ལཱ་ཐི་གཏན་སྡོད་ས་ཁུལ་དང་པེ་ཐཱ་ཨར་དབྱེ་ལེ་ཐི་གཏན་སྡོད་ས་ཁུལ་དུ་ཡོད་ལ། གཞན་ཡང་ཁང་བ་གྱ་དགུ་ཡེ་ལུའུ་སཱ་ལེམ་ཤར་མའི་ཅི་ལོ་གཏན་སྡོད་ས་ཁུལ་དུ་ཡོད་ཟེར།

རྩ་འཛུགས་དེས་བསྟན་དོན། དབྱི་སི་རལ་གྱིས་མུ་མཐུད་དུ་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་བྱེད་ཐབས་དེས་ཆབ་སྲིད་ལ་བརྟེན་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རེ་བ་ཉམ་ང་བར་བྱས་ཡོད་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཛ་དྲག་འབྲེལ་བ་ཇེ་སྡུག་ཏུ་བཏང་ཡོད་ཟེར།

ཉིས་སྟོང་ཉེར་གཉིས་ལོའི་ལོ་མཇུག་ཏུ་རྩ་འཛུགས་བྱས་པའི་དབྱི་སི་རལ་གྱི་སྐབས་གསར་བའི་སྲིད་གཞུང་གིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་རྒྱ་བསྐྱེད་བྱ་བ་དེ་ཐོག་མའི་ལས་འགན་དུ་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།