སེ་ཞི་ཡིས་ཙུང་ཐུང་བཀའ་རྒྱ་བཀོད་དེ་ཨེ་ཅིབ་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བར་ཞུགས་པར་འཐད་པ་བྱུང་།
2023.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་ཙུང་ཐུང་གི་བཀའ་རྒྱ་ཞིག་སྤེལ་ཏེ། ཨེ་ཅིབ་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བར་ཞུགས་པར་འཐད་པ་བྱུང་། དེའི་སྔོན་ཨེ་ཅིབ་གྲོས་ཁང་གིས་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་ཨེ་ཅིབ་གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བར་ཞུགས་པར་ཆོག་མཆན་བཀོད་ཡོད།

ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པར། གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བས་ཁོངས་གཏོགས་རྒྱལ་ཁབ་གསར་བ་ཨེ་ཅིབ་ལ་དགའ་བསུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དངུལ་ཁང་གི་ཆོག་མཆན་ཐོབ་རྗེས། ཁོངས་གཏོགས་རྒྱལ་ཁབ་གསར་བས་རྒྱལ་ཁབ་རང་གི་ནང་ཁུལ་གྱི་འབྲེལ་ཡོད་ལས་རིམ་ཡོངས་འགྲུབ་བྱེད་དགོས་པ་དང་། གསར་སྤེལ་དངུལ་ཁང་གསར་བར་ཞུགས་འདོད་ཡི་གེ་སྤྲད་ན་དེ་མ་ཐག་ཁོངས་གཏོགས་རྒྱལ་ཁབ་གསར་བར་འགྱུར་ངེས་རེད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། གསེར་གྱོམ་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བས་ཧྲང་ཧེ་ནས་ལས་སྒོ་འབྱེད་པ་དང་། དམིགས་ཡུལ་ནི་གསེར་གྱོམ་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་ཚོགས་ཁག་གཞན་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ལས་གཞིའི་ཐད་ཐོན་ཁུངས་བཀོད་སྒྲིག་བྱེད་ཆེད་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།