ཨུ་རུ་སི་ཡིས་ཧྲིན་པུས་ཏི་པའོ་ཡི་འཚིག་ཇ་ཁང་གི་འགས་གཏོར་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་གཅིག་འཛིན་བཟུང་བྱས།
2023.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་བཤད་རྒྱུར། ཁྲིམས་འཛིན་མི་སྣས་ཧྲིན་པུས་ཏི་པའོ་ཡི་འཚིག་ཇ་ཁང་གི་འགས་གཏོར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་བུད་མེད་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཟེར།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། དོགས་ཡོད་ཉེས་ཅན་དེའི་མིང་ལ་ཏཱ་ལི་ཡཱ་ཐི་ལེ་པའོ་ཝ་ཟེར། ཨུ་རུ་སིའི་ནང་སྲིད་པུའུ་ཡིས་སྤེལ་བའི་གནས་ཚུལ་ལས་མངོན་པ་ལྟར་ན། དོགས་ཡོད་ཉེས་ཅན་ཐི་ལེ་པའོ་ཝ་ནི་གཅིག་སྟོང་དགུ་བརྒྱ་གོ་བདུན་ལོར་སྐྱེས་པ་རེད་ཟེར།

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཁྲིམས་འཛིན་མི་སྣས་ཚེས་གཉིས་ཉིན་གྱི་དགོང་མོར་ཐི་ལེ་པའོ་ཝ་ཡི་ཧྲིན་པུས་ཏི་པའོ་རུ་ཡོད་པའི་སྡོད་ཁང་དུ་སྔོག་བཤེར་བྱས་པ་རེད།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་གསུམ་ཉིན་གསར་འགོད་པར་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ནི་འཇིགས་སྐུལ་འཇབ་རྒོལ་ཞིག་ཡིན་ལ། ཙུང་ཐུང་ཕུའུ་ཅིན་གྱིས་དོན་རྐྱེན་དེ་ཤེས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།