སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཉིན་དེའི་ཞོགས་པར་ཏཱ་མཱ་ཧྲི་ཀིའི་ཉེ་འཁོར་དང་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་འཕུར་མདའི་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་གཉིས་རྐྱེན་ལམ་དུ་ཤོར་ཟེར། སི་རི་ཡཱའི་མཁའ་སྲུང་མ་ལག་གིས་འཕུར་མདའ་མང་ཆེ་བ་བཀག་འགོག་བྱས་པ་རེད། དབྱི་སི་རལ་ཕྱོགས་ཀྱིས་སི་རི་ཡཱའི་བཤད་ཚུལ་དེར་ལན་ཅི་ཡང་བྱིན་མེད།
ཉེ་སྔོན་སི་རི་ཡཱ་རུ་བསྟུད་མར་བར་སྣང་འཇབ་རྒོལ་ཐེབས་པ་དང་། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་དབྱི་སི་རལ་གྱིས་སི་རི་ཡཱ་ལ་འཐབ་ཇུས་སྲིད་ཇུས་ལག་བསྟར་བྱས་ནས་སི་རི་ཡཱའི་བདག་དབང་ལ་གནོད་སྐྱེལ་བར་རྒོལ་གཏམ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།