དབྱི་ལིང་སྨྱན་བྱད་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པེ་ཨར་གྱིས་ཉིན་དེར་བསྟན་དོན། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་མན་ལེ་ཡི་འཚམས་འདྲིའི་གདན་ཞུ་དང་ལེན་བྱས་ཡོད་ཟེར། མུའུ་ཧི་པེ་ཨར་གྱིས་ནན་གྱིས་བསྟན་དོན། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་ནི་དབྱི་ལིང་སྲིད་གཞུང་གི་ཕྱི་ཕྱོགས་སྲིད་ཇུས་གལ་ཆེན་ཞིག་ཡིན་ཟེར།
དེ་ལས་གཞན་དབྱི་ལིང་ཚོང་ཚོགས་ཀྱི་མཐོ་རིམ་འཐུས་མི་ཁཱ་ཧྲི་ཧྥེ་ཡིས་ཚེས་གསུམ་ཉིན་བསྟན་དོན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་མཉམ་འབྲེལ་ཚོང་ཚོགས་འཛུགས་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཁང་བསྐྱར་འཛུགས་བྱས་ནས་གཞུང་ཚབ་པ་མངག་གཏོང་བྱས་རྗེས་མྱུར་མོར་འཐུབ་ཚབ་ཚོགས་པས་ཕན་ཚུན་བར་འཚམས་འདྲི་བྱེད་པའི་བྱ་བ་སྤེལ་བའི་འཆར་གཞི་ཡོད་པ་དང་། སྒེར་གཉེར་སྡེ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་འབྲེལ་ཐད་འཆར་གཞི་གཏན་འབེབས་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།