ཀྲུང་གོ་དང་ཨ་རབ་ཀྱི་མིང་གྲགས་སྒྱུ་རྩལ་པའི་གཟི་བྱིན་མངོན་པའི་བརྩམས་ཆོས་འགྲེམ་སྟོན་ཁེ་རོ་ནས་སྤེལ་མགོ་བརྩམས།
2023.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

སྒྱུ་རྩལ་གཅིག་འདུས་ཀྱི་དར་གོས་ཚོང་ལམ་སྟེ་ཀྲུང་གོ་དང་ཨ་རབ་ཀྱི་མིང་གྲགས་སྒྱུ་རྩལ་པའི་གཟི་བྱིན་མངོན་པའི་བརྩམས་ཆོས་འགྲེམ་སྟོན་དང་ཀྲུང་གོ་དང་ཨ་རབ་ཀྱི་སྒྱུ་རྩལ་པའི་གྲོས་མོལ་བྱ་འགུལ་དེ་ཚེས་གསུམ་ཉིན་ཁེ་རོ་རུ་ཡོད་པའི་ཨེ་ཅིབ་སྒྱུ་རྩལ་ཁང་ནས་སྤེལ་མགོ་བརྩམས། ཐེངས་འདིའི་བྱ་འགུལ་ནས་བསྡོམས་པས་ཀྲུང་གོ་དང་ཨ་རབ་ཀྱི་སྒྱུ་རྩལ་པའི་ཕུལ་བྱུང་བརྩམས་ཆོས་གྱ་བདུན་འགྲེམ་སྟོན་བྱས་པ་དང་། ཀྲུང་གོའི་སྲོལ་རྒྱུན་རི་མོ་དང་སྣུམ་ཚོན་རི་མོ། རྫ་ལེབ་རི་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་མང་བོ་འདུས། སྒྱུ་རྩལ་པ་མང་བོས་ད་རུང་ཀྲུང་གོ་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་གཟི་བྱིན་མངོན་པའི་བརྒྱུད་རིམ་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་རིག་གནས་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་རེ་སྒུག་བྱེད་པའི་ཚུལ་བསྟན། ཐེངས་འདིའི་འགྲེམ་སྟོན་ཚེས་སུམ་ཅུ་ཉིན་བར་རྒྱུན་བསྲིང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།