དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་དང་ཕ་ལེ་སི་ཐན་གྱི་མང་ཚོགས་བར་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་འཐབ་འཛིང་བྱུང་།
2023.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་གསལ་བསྒྲགས་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེའི་ཐོ་རེངས་སུ་དབྱི་ལུའུ་ས་ལེམ་གྱི་གྲོང་ཁུལ་རྙིང་པའི་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་ཕ་ལེ་སི་ཐན་གྱི་མང་ཚོགས་བར་འཐབ་འཛིང་བྱུང་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་མང་ཚོགས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་དུ་ཕྱུག་འཚལ་བར་སོང་རྗེས་ཕྱིར་ལོག་རྩིས་མ་བྱས་ལ། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་མི་སྣ་ཆོས་ཁང་ལས་ཕྱིར་འབུད་གཏོང་བའི་གོ་རིམ་ཁྲོད་ཕན་ཚུན་བར་འཐབ་འཛིང་བྱུང་ནས། མི་སུམ་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པའམ་ཡང་ན་ཆོས་ཁང་ལས་ཕྱིར་འབུད་བཏང་ཟེར།

ཕ་ལེ་སི་ཐན་གྱི་གཞུང་ཕྱོགས་གསར་འགྱུར་ཁང་གིས་ཉིན་དེའི་བདེན་དཔང་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཡུལ་དངོས་ནས་སྦྱོར་བ་སྣ་མང་བརྩམས་ནས། སྨན་བཅོས་མི་སྣ་འཐབ་འཛིང་བྱུང་ས་རུ་ཡོང་རྒྱུར་བཀག་འགོག་བྱས་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་བཤད་རྒྱུར། འཐབ་འཛིང་བྱུང་རྗེས། དྲག་ཆས་མི་སྣས་ཅ་ཧྲ་ས་ཁུལ་ནས་ལྷོ་རྒྱུད་ས་ཁུལ་དུ་མེ་ཤུགས་འཕུར་མདེལ་བཅུ་དྲུག་འཕངས་ནའང་། མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།