ཕ་ན་མའི་ནུབ་རྒྱུད་དུ་ཡོད་པའི་ཆི་ལིས་ཅི་ཞིང་ཆེན་གྱི་ཉེ་འགྲམ་མཚོ་ཁོངས་སུ་ཚེས་བཞི་ཉིན་གྱི་ཕྱི་དྲོར་ཚད་རིམ་དྲུག་དང་གྲངས་ཆུང་བདུན་གྱི་ས་ཡོམ་བྱུང་བ་དང་། མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་སྙན་ཞུ་གང་ཡང་འབྱོར་མེད།
ཕ་ན་མའི་སློབ་ཆེན་གྱི་སའི་གོ་ལའི་ཚན་རིག་ཞིབ་འཇུག་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་དེའི་ཚེས་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཅོ་བརྒྱད་ཀྱི་སྟེང་དུ་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་ལྟེ་བ་དེ་ཁི་དབྱི་པཱ་གླིང་ཕྲན་དང་བར་ཐག་སྤྱི་ལེ་དོན་གཅིག་ཡོད་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་བཅུ་ཡིན་ལ། སྐར་མ་བཅུ་ཡི་རྗེས་སུ། ས་ཁུལ་དེར་ཡང་བསྐྱར་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་ཚད་རིམ་བཞི་དང་གྲངས་ཆུང་གཉིས་རེད་ཟེར།
ས་གནས་དེ་གའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཆི་ལིས་ཅི་དང་པོ་ཁ་ཟི-ཏི་ཨར་ཐོ་ལའོ་སོགས་ནུབ་རྒྱུད་ཞིང་ཆེན་ལ་ཡོམ་ཚོར་ཅུང་དྲག་པོ་བྱུང་བ་དང་། ས་ཁུལ་ཁ་ཤས་ཀྱི་ཁ་པར་སྐུད་ལམ་བཅད་འདུག་ཟེར།
གཞན་ཡང་ཨ་མེ་རི་ཁའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ད་ཐེངས་ཀྱི་ས་ཡོམ་གྱི་ཚད་རིམ་གྲངས་དང་གྲངས་ཆུང་ལྔ་ཡིན་ལ། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་བཅུ་གསུམ་རེད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།