ཟླ་བཞི་པའི་ཚེས་ལྔ་ཉིན་ཡའོ་ནན་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཡུལ་སྐོར་འགྲུལ་བ་བཞི་དྲུད་པའི་པེ་ཨར505རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཡའོ་ནན་བྱང་ཕྱོགས་ཀྱི་ཀོང་ཉིང་ཞིང་ཆེན་ནས་སར་ལྷུང་བ་དང་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།
རྒྱུས་ལོན་པ་ལྟར་ན། ཐད་འཕུར་གནམ་གྲུ་དེ་ཡའོ་ནན་རྒྱལ་ཁབ་ཀྱི་བྱང་ཕྱོགས་གྱེན་འཕུར་གནམ་གྲུ་ཀུང་སིའི་ཡིན་ལ། ཡུལ་སྐོར་འགྲུལ་བ་དྲུད་ནས་ཡུལ་སྐོར་ལྗོངས་རྒྱུའི་གནས་གྲགས་ཅན་ཞ་ལུང་མཚོ་ཁུགས་སུ་འཕུར་དགོས། གྱེན་འཕུར་གནམ་གྲུ་དེ་ཕྱི་དྲོར་འཕུར་བའི་རྗེས་སུ་ས་ངོས་དང་འབྲེལ་གཏུག་བྱེད་མཚམས་ཆད། བྱང་ཕྱོགས་གྱེན་འཕུར་གནམ་གྲུ་ཀུང་སིས་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་དང་གཞོགས་འདེགས་བྱས་ཏེ་མྱུར་སྐྱོབ་འགུལ་སྐྱོད་སྤེལ་བ་དང་། འདས་པོའི་བེམ་པོ་གཉིས་དང་གནམ་གྲུའི་ཆག་རོ་རྙེད་ཡོད།
མིག་སྔར་མྱུར་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། དོན་རྐྱེན་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།