དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་གྱི་དགོང་མོར་འཐབ་འཛིང་གནམ་གྲུ་བཀོལ་ནས་ཅཱ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དམག་དོན་རྟེན་གཞི་མང་པོར་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། ཉིན་དེའི་ཅུང་སྔ་བའི་དུས་སུ་ལིས་པཱ་ནུན་ལྷོ་ཕྱོགས་ནས་དབྱི་སི་རལ་ཕྱོགས་ལ་མེ་ཤུགས་འཕུར་མདས་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད།
ཕ་ལེ་སི་ཐན་ཀྱི་བདེ་འཇགས་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་དུ་འཕུར་མདའ་བཅུ་ཕྲག་ལྷག་འཕངས་པ་དང་། ཡུལ་དངོས་སུ་འགས་གཏོར་གྱི་སྒྲ་དང་དུད་ནག་འཕྱུར་བཞིན་འདུག་ཟེར། མིག་སྔར་མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་བསྒྲགས་མེད།
དབྱི་སི་ལན་དམག་ཕྱོགས་ཀྱིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་གསལ་བསྒྲགས་སྤེལ་ནས་བསྟན་དོན། ཉིན་དེར་ལིས་པཱ་ནུན་ལྷོ་ཕྱོགས་ནས་དབྱི་སི་རལ་གྱི་བྱང་ཕྱོགས་སུ་མེ་ཤུགས་འཕུར་མདའ་སོ་བཞི་གཏོང་འཕེན་བྱས་པ་དང་དེའི་ཁྲོད་ཀྱི་མེ་ཤུགས་འཕུར་མདའ་ཉེར་ལྔ་བཀག་པ་དང་། དེའི་རྗེས་སུ་དབྱི་སི་རལ་ཕྱོགས་ཀྱིས་ཧཱ་མ་སིས་ཐེངས་འདིའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ལ་འཆར་འགོད་བྱས་པ་རེད་ཟེར།
མི་ཕམ་མགོན་པོས་བསྒྱུར།