པུར་ཀ་རི་ཡའི་རྒྱལ་ཚོགས་ཀྱི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས།
2023.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

པུར་ཀ་རི་ཡ་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམ་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱས་ལ། སྔོན་ཆད་ཀྱི་སྲིད་འཛིན་ཏང་པུར་ཀ་རི་ཡའི་སྤྱི་དམངས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཚོགས་ཀྱི་ལས་གནས་ཉིས་བརྒྱ་བཞི་བཅུའི་ཁྲོད་ཀྱི་ལས་གནས་རེ་དགུ་ཐོབ་པ་དང་ནང་སྲིད་ཀྱི་བསྐོ་འཇོག་དབང་ཆ་ཐོབ།

པུར་ཀ་རི་ཡ་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། པུར་ཀ་རི་ཡ་སྤྱི་དམངས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་ལས་གཞན་སྲིད་ཏང་ངམ་སྲིད་ཏང་མནའ་འབྲེལ་ལྔ་གྲོས་ཚོགས་ཁྲོད་ཞུགས། དེའི་ཁྲོད་ང་ཚོས་མུ་མཐུད་དུ་བཅོས་སྒྱུར་བྱེད་ཅེས་པའི་སྲིད་ཏང་མནའ་འབྲེལ་ལ་ལས་གནས་རེ་བཞི་ཐོབ་པ་དང་བསྐྱར་དར་ཏང་ལ་ལས་གནས་སོ་བདུན་ཐོབ་ཅིང་། དབང་ཆ་དང་རང་དབང་ལས་འགུལ་ཏང་ལ་ལས་གནས་སོ་དྲུག་དང་པུར་ཀ་རི་ཡ་སྤྱི་ཚོགས་ཏང་ཡོད་སའི་སྲིད་ཏང་མནའ་འབྲེལ་ལ་ལས་གནས་ཉེར་གསུམ། འདི་ལྟ་བུའི་མི་རིགས་ཤིག་ཡོད་ཅེས་པའི་ཏང་ལ་ལས་གནས་བཅུ་གཅིག་བཅས་ཐོབ།

རྩ་ཁྲིམས་ལྟར་ན། པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་རྒྱལ་ཚོགས་ཀྱི་ཏང་ཁག་དང་པོས་མིང་འདོན་བྱས་པའི་ནང་སྲིད་བསྐོ་འཇོག་གི་ཙུང་ལི་ཡི་འགན་ཁུར་རྒྱུ་ཡིན་པ་དང་། ནང་སྲིད་གསར་བར་ཕྱེད་གྲངས་ཡན་གྱི་རྒྱབ་སྐྱོར་ཐོབ་དགོས་པ་རེད།

མི་ཕམ་མགོན་པོས་བསྒྱུར།