འཇར་མན་གྱི་ཧྥ་ལན་ཁུ་ཧྥུ་སྙན་ཞུ་ཞེས་པའི་དྲ་ཚིགས་ལས་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཐུ་ཉི་ཟིའི་དཔལ་འབྱོར་དང་སྤྱི་ཚོགས་ཕན་ཁེ་གླེང་སྟེགས་ཀྱིས་བསྟན་དོན། ད་ལོའི་ལོ་མགོ་ནས་བཟུང་། ཐུ་ཉི་ཟིའི་ཉེན་རྟོག་ཕྱོགས་ཀྱིས་ཐུ་ཉི་ཟི་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཞན་པའི་གནས་སྤོར་མང་ཚོགས་འབུམ་གཅིག་དང་ཁྲི་བཞི་ལྷག་དབྱི་ཐ་ལི་ལ་འགྲོ་བའི་གྲུ་ལ་མ་བསྡད་གོང་བཀག་འགོག་བྱས། ན་ནིང་གི་ད་ཚོད་མི་སྟོང་གཉིས་དང་དགུ་བརྒྱ་བཀག་འགོག་བྱས་ཟེར།
ཐུ་ཉི་ཟི་རུ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཞན་པའི་མི་ཁྲི་གཉིས་ལྷག་ཡོད་པ་དེ་དག་ཚང་མ་ཡོ་རོབ་གླིང་གི་ཕྱོགས་སུ་མདུན་སྐྱོད་བྱེད་བསམ་བཞིན་འདུག་མོད། ཕྱིས་སུ་ཁོ་ཚོ་ཐུ་ཉི་ཟི་རུ་ལུས་སོང་། ཡུལ་གྱར་སྡོད་དམངས་མང་ཆེ་ཤོས་དབྱི་ཐ་ལི་རུ་འགྲོ་འདོད་ཆེ་ལ། དེའི་ཁྲོད་ཐུ་ཉི་ཟི་རྒྱལ་ཁབ་རང་གི་མིས་མང་ཆེ་ཤོས་ཟིན་ཡོད། ཧྥེ་ལིས་ཏི་ཞི་ཨེ་པོ་ཐི་ཐེབས་རྩ་ཚོགས་པའི་ཐུ་ཉི་ཟི་རུ་སྡོད་པའི་འགན་འཁུར་བ་ཡོ་ཧན་ནེ་ཟི་ཁ་ཏུའུ་ལཱ་ཡིས་བཤད་རྒྱུར། དཔལ་འབྱོར་གྱི་གནས་བབ་ཇེ་སྡུག་ཏུ་ཕྱིན་པ་དང་བསྟུན་ནས། མི་རྣམས་རེ་ཐག་ཆད་དེ། རྒྱལ་ཁབ་འདི་དང་ཁ་འབྲལ་རྒྱུ་ནི་གྲལ་རིམ་འབྲིང་དང་མཐོན་པོའི་རིགས་ཀྱི་གདམ་ཀ་རུ་གྱུར་འདུག་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།