མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་དྲུག་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཐུར་ཁེའི་བྱིས་པ་ས་ཡ་གཉིས་དང་འབུམ་ལྔར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་བསྟན་དོན། ཟླ་ངོ་གཉིས་ཀྱི་སྔོན་ལ་ཐུར་ཁེ་དང་སི་རི་ཡཱ་རུ་ཆགས་འཇིག་རང་བཞིན་གྱི་ས་ཡོམ་བྱུང་བའི་ཚུན་ལ། ཐུར་ཁེ་རུ་བྱིས་པ་ས་ཡ་གཉིས་དང་འབུམ་ལྔ་སྔར་བཞིན་དབུལ་ཕོངས་སོགས་ཀྱི་ཉེན་ཁར་འཕྲད་ཡོད་པས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་གལ་ཆེ་ཟེར།
ཐུར་ཁེ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པའི་འཐུས་མི་ཏི་ཏའོ་སྨི་ནེ་ཆི་ཡིས་ནན་གྱིས་བསྟན་དོན། བྱིས་པར་སྲུང་སྐྱོབ་བྱེད་པ་དང་དེའི་དགོས་མཁོ་བསྐང་བ་དེ་ངེས་པར་དུ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་གཙོ་གནད་དུ་འགྱུར་དགོས་ཟེར། ཐུར་ཁེ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པའི་དོན་གཅོད་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞལ་འདེབས་མ་དངུལ་ཕུལ་ནས། མུ་མཐུད་དུ་ས་འགུལ་གྱི་ཤུགས་རྐྱེན་ཐེབས་པའི་བྱིས་པར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ས་ཡོམ་གྱིས་སློབ་གྲྭར་ཞུགས་པའི་བྱིས་པ་ས་ཡ་བཞི་ཙམ་གྱི་འཚོ་བར་ཤུགས་རྐྱེན་ཐེབས་པ་དང་། དེའི་ནང་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་བྱིས་པ་འབུམ་གསུམ་དང་ཁྲི་ལྔ་འདུས་ཡོད། དེ་བས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་གནོད་ཐེབས་བྱིས་པ་དག་ལ་འཚོ་བའོ་མཁོ་དངོས་དང་འགོག་སྨན་ཞབས་ཞུ། སེམས་ཁམས་ཀྱི་རོགས་སྐྱོར། འཚོ་བའི་རྩལ་ནུས་གསོ་སྦྱོང་སོགས་འདོན་སྤྲོད་བྱེད་པའི་ཐབས་ལ་བརྟེན་ནས་རོགས་སྐྱོར་བྱས་པ་དང་། དེའི་ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཐུར་ཁེས་སློབ་གྲྭ་སྟོང་གཅིག་དང་བརྒྱ་ལྷག་བསྐྱར་འཛུགས་བྱེད་པའི་ནོར་སྲིད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།