ཨ་མེ་རི་ཁའི་ཧྥོ་ལོ་ལོས་ཏཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། ས་དེའི་ལོ་བཅུ་དྲུག་ནས་བཅུ་བདུན་བར་གྱི་ན་གཞོན་གསུམ་ཉེ་སྔོན་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བ་དང་། དོགས་ཡོད་ཉེས་ཅན་ནི་ན་གཞོན་གཞན་པ་གསུམ་ཡིན་ལ། དེའི་ནང་མི་གཉིས་འཛིན་བཟུང་བྱས་ཡོད། ཉེན་རྟོག་ཕྱོགས་ཀྱིས་བཤད་ན། དོགས་ཡོད་ཉེས་ཅན་ནི་ན་གཞོན་གསུམ་ཡིན་པ་དང་། ན་ཚོད་ནི་སོ་སོར་ལོ་བཅུ་གཉིས་དང་བཅུ་དྲུག བཅུ་བདུན་བཅས་རེད་ཟེར།
ཨ་མེ་རི་ཁར་མེ་མདའི་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་པ་དང་། ན་གཞོན་ལོ་ཆུང་གིས་མེ་མདས་བརྒྱབ་པའི་དོན་རྐྱེན་ཀྱང་མང་དུ་འབྱུང་བཞིན་ཡོད། ཨ་མེ་རི་ཁའི་ཕིས་ཡུག་ཞིབ་འཇུག་ལྟེ་གནས་ཀྱིས་ཚེས་དྲུག་ཉིན་སྤེལ་བའི་སྙན་ཞུ་ལས་མངོན་པ་ལྟར་ན། ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར། ཨ་མེ་རི་ཁའི་ལོ་བཅོ་བརྒྱད་མན་གྱི་བྱིས་པ་དང་ན་གཞོན་ལོ་ཆུང་ཁྲོད་མེ་མདས་བརྒྱབ་པའི་དོན་རྐྱེན་དང་འབྲེལ་བའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་ཆའི་ལྔ་བཅུ་ཙམ་ཇེ་མང་དུ་སོང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།