མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་འཛམ་གླིང་ཡོངས་ཀྱི་ཟས་རིགས་རིན་གོང་བསྟུད་མར་ཟླ་ངོ་བཅུ་གཉིས་རིང་ཇེ་དམའ་རུ་སོང་ཡོད་པའི་ཚུལ་བསྟན།
2023.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས་བདུན་ཉིན་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་གསུམ་པར་འཛམ་གླིང་ཡོངས་ཀྱི་ཟས་རིགས་རིན་གོང་དམིགས་ཚད་བརྒྱ་དང་ཉེར་དྲུག་དང་གྲངས་ཆུང་དགུ་ཡིན་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པའི་ཚུན་གྱི་ཆེས་དམའ་བའི་ཚད་དུ་སླེབས་ཡོད། ད་ལོའི་ཟླ་གསུམ་པའི་བར། འཛམ་གླིང་ཡོངས་ཀྱི་ཟས་རིགས་རིན་གོང་དམིགས་ཚད་བསྟུད་མར་ཟླ་ངོ་བཅུ་གཉིས་རིང་ཇེ་དམའ་རུ་སོང་བ་དང་། ལོ་སྔོན་མའི་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཚད་ལས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་ལྔ་ཇེ་དམའ་རུ་སོང་ཡོད་ཟེར། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཟས་རིགས་རིན་གོང་དམིགས་ཚད་ཟླ་ངོ་བཅུ་གཉིས་རིང་བསྟུད་མར་ཇེ་དམའ་རུ་སོང་བའི་རྒྱུ་རྐྱེན་གཙོ་བོར་མཁོ་འདོན་འདང་ཚིམ་པ་དང་། ནང་འདྲེན་དགོས་མཁོ་ཉུང་བ། མཚོ་ནག་གྲུ་ཁའི་ཞིང་ཞོར་ཐོན་རྫས་ཕྱིར་སྐྱེལ་གྲོས་མཐུན་རྒྱུན་མཐུད་ངང་ལག་བསྟར་བྱས་པ་བཅས་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།