པཱ་ཞི་དང་ཨ་ཀིན་ཐེན་ཕྱིར་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ནང་ལོག་ནས་མེ་གླིང་ལྷོ་མའི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
2023.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། པཱ་ཞི་ཡང་བསྐྱར་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས། པཱ་ཞིའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། བྱ་སྤྱོད་དེ་ལས་མེ་གླིང་ལྷོ་མའི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ་ཟེར།

སྔ་ཉིན།     ཨ་ཀིན་ཐེན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་ཨ་ཀིན་ཐེན་ཕྱོགས་ཀྱིས་མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་ཀིན་ཐེན་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱེད་པར་ཆོག་མཆན་འགོད་པའི་རེ་ཞུ་བྱས་ཡོད་ཟེར།

མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་དེ་ཉིས་སྟོང་བརྒྱད་ལོའི་ཟླ་ལྔ་བར་བཙུགས་པ་དང་། པཱ་ཞི་དང་ཨ་ཀིན་ཐེན། ཁོ་ལོམ་པུ་ཡཱ། ཝེ་ནེ་ཙུའེ་ལཱ་སོགས་ཁོངས་གཏོགས་རྒྱལ་ཁབ་བཅུ་གཉིས་ཀྱིས་གྲུབ་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ། ཨ་ཀིན་ཐེན་དང་པཱ་ཞི་སོགས་རྒྱལ་ཁབ་དག་བསྟུད་མར་ཕྱིར་བུད་པའམ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་བཞག་པ་རེད། ད་ལོའི་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ཨ་ཀིན་ཐེན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་དང་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་གཉིས་ཀྱིས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་མེ་གླིང་ལྷོ་མའི་ཐུན་མོང་ཚོང་རའི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མེ་གླིང་ལྷོ་མའི་རྒྱལ་ཁབ་མནའ་འབྲེལ་ལ་ཡང་བསྐྱར་གསོན་ཤུགས་རྒྱས་སུ་བཅུག་ནས། མེ་གླིང་ལྷོ་མའི་ཐུན་མོང་དངུལ་ལོར་གཏན་འཁེལ་བྱེད་པའི་འབྲེལ་ཡོད་གྲོས་བསྡུར་ལ་སྐུལ་འདེད་བཏང་མེ་སྒོར་ལ་བརྟེན་པའི་སྣང་ཚུལ་བཅོས་བསྒྱུར་བྱེད་རྒྱུའི་རེ་བ་བཏོན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།