ཧྥེ་ལེ་པེན་གྱི་ལོས་ཁྲ་ཞིང་ཆེན་གྱི་སྡོད་དམངས་འདུས་སྡོད་བྱེད་ས་ཞིག་ཏུ་ཚེས་བརྒྱད་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། སྡོད་དམངས་ཁྱིམ་ཚང་དྲུག་ཅུ་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་བ་རེད།
ཧྥེ་ལེ་པེན་ཉེན་རྟོག་ཕྱོགས་ཀྱིས་ཚེས་དགུ་ཉིན་བཤད་རྒྱུར། མེ་སྐྱོན་དེ་རྒྱལ་ས་དང་འདབས་འབྲེལ་དུ་ཡོད་པའི་ལོས་ཁྲ་ཞིང་ཆེན་གྱི་ཐེ་ཐེ་གྲོང་རྡལ་གྱི་སྡོད་དམངས་འདུས་སྡོད་བྱེད་ས་རྙིང་བ་ཞིག་ཏུ་བ་དང་། མེ་སྐྱོན་ཆེན་པོ་མྱུར་མོར་ཁང་བ་བཞི་བཅུ་ལྷག་ལ་མཆེད་པ་རེད་ཟེར། རྐྱེན་ལམ་དུ་ཤོར་བའི་མི་བདུན་པོ་ཁྱིམ་ཚང་གཅིག་གི་ཡིན་པ་དང་། ལོ་གཉིས་ཅན་གྱི་བུ་མོ་ཆུང་ཆུང་ཞིག་དང་ལོ་བཅུ་གཉིས་ཅན་གྱི་བུ་ཆུང་ཞིག་འདུས། ཁོ་ཚོའི་ཁང་བ་དེ་སྲང་ལམ་གྱི་ཕུག་ཏུ་ཡོད་པས། མེ་སྐྱོན་བྱུང་རྗེས་ཁྱིམ་དུ་ཁེགས་ནས་རྐྱེན་ལམ་དུ་ཤོར་བ་རེད།
ཧྥེ་ལེ་པེན་གྱི་མེ་གསོད་སྡེ་ཁག་གིས་མེ་སྐྱོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།