སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པས་དབྱི་ལིང་དུ་འཚམས་འདྲི་བྱས་ཏེ་གཞུང་ཚབ་ཁང་གི་སྒོ་བསྐྱར་འབྱེད་བྱེད་པར་གྲོས་བསྡུར་བྱས།
2023.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་བདེན་དཔང་བྱས་དོན། སོ་ཏི་ཨ་རབ་ཀྱི་འཐུས་ཚབ་ཚོགས་པ་ཉིན་དེར་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་འབྱོར་ནས། དབྱི་ལིང་དང་མཉམ་དུ་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་དང་དབྱི་ལིང་གི་གྲོང་ཁྱེར་ཆེན་མོ་གཉིས་པ་མཱ་ཧྲི་ཧཱ་ཏི་རུ་སྡོད་པའི་གཞུང་ཚབ་ཁང་གི་འབྲེལ་ཡོད་བྱ་བར་གྲོས་བསྡུར་བྱས། དབྱི་ལིང་གི་དཔོན་རིགས་ཀྱིས་ནན་གྱིས་བསྟན་དོན། སོ་ཏི་ཨ་རབ་ཀྱི་དབྱི་ལིང་གི་བྱ་བར་དགོས་ངེས་ཀྱི་སྟབས་བདེ་གང་རུང་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར། སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་བཅད་པ་རེད། ཟླ་འདིའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་པེ་ཅིང་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་ཉིན་དེ་ནས་བཟུང་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།