ནེ་ཀྲི་རི་ཡཱ་རུ་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།
2023.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ནེ་ཀྲི་རི་ཡཱའི་ལམ་སྲིད་དོ་དམ་སྡེ་ཁག་གིས་ཚེས་དགུ་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་ཚེས་བརྒྱད་ཉིན་གྱི་དགོང་མོར་འགྲུལ་སྐྱེལ་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར།

ནེ་ཀྲི་རི་ཡཱའི་ལམ་སྲིད་དོ་དམ་སྡེ་ཁག་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དོན་རྐྱེན་དེ་ཨེ་ནོའུ་ཀུའུ་མངའ་སྡེ་ནས་གཙང་ཆབ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཧཱ་ཁི་ཐི་གྲུ་ཁའི་མྱུར་བགྲོད་གཞུང་ལམ་སྟེང་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཞིག་ཁ་གཏད་དུ་ཡོང་བའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་རྗེས་མེར་འབར་བ་དང་། རླངས་འཁོར་གཉིས་ཀྱི་ཁ་ལོ་བ་དང་བཅས་པའི་མི་བཅོ་ལྔ་བོ་ཚང་མ་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

གསལ་སྒྲོག་ལས་དོན་རྐྱེན་དེ་ནི་ཁ་ལོ་བ་ངལ་དུབ་ཆེ་བའི་དབང་གིས་བྱུང་བ་ཡིན་པར་འདོད་པ་དང་། མང་ཚོགས་ཀྱིས་གང་ནུས་ཀྱིས་མཚན་མོར་ལམ་ཐག་རིང་བོར་རླངས་འཁོར་བསྐོར་བ་སྔོན་འགོག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།