ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་ཞི་ཡཱ་ཨར་ཏའོ་ཚེས་བཅུ་གཅིག་ཉིན་མའོ་སི་ཁོ་རུ་འཚམས་འདྲིར་འབྱོར་བ་དང་། ཨུ་རུ་སིའི་ཙུང་ལི་གཞོན་པ་ནོའུ་ཝ་ཁི་དང་ཨུ་རུ་སིའི་རྒྱལ་ཁབ་ཉིང་རྡུལ་ནུས་པའི་ཀུང་ཟིའི་སྤྱི་གཉེར་བ་ལེ་ཧཱ་ཆའོ་ཧྥུའུ་གཉིས་དང་གྲོས་མོལ་བྱས། ཞི་ཡཱ་ཨར་ཏའོ་ཡིས་བསྟན་དོན། ཨུ་རུ་སིའི་བར་གྱི་མཉམ་ལས་དེ་ཧང་ག་རིའི་ནུས་ཁུངས་བདེ་འཇགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། ཨུ་རུ་སིའི་སྨྱན་བྱད་ཀྱིས་ཞི་ཡཱ་ཨར་ཏའོ་ཡི་སྐད་ཆ་དྲངས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཨུ་རུ་སི་ཡིས་དུས་ཡུན་སྔར་ལས་མང་བོའི་ནང་ཧང་ག་རི་ལ་རང་བྱུང་སོལ་རླངས་སྔར་ལས་མང་བོ་མཁོ་འདོན་བྱེད་པའི་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།