ཨུ་རུ་སི་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་དང་རྒྱལ་ཁབ་གཞན་པའི་འབྲེལ་བར་གཏོར་བརླག་གཏོང་རྩིས་བྱས་པའི་ཚུལ་བསྟན།
2023.04.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་གཅིག་ཉིན་ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ནོའུ་ཨར་ཐི་ལེ་ཝུའུ་དང་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་ཞི་བདེ་གཉིས་ཕན་དང་མངོན་གསལ་གྱི་མཉམ་ལས་སྤེལ་དགོས། གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་སྒྲིག་སྲོལ་སྣང་མེད་དུ་བསྐྱུར་ནས། འཇིགས་སྐུལ་སོགས་ཀྱི་ཐབས་ལ་བརྟེན་ནས་ཨུ་རུ་སི་དང་མཛའ་མཐུན་རྒྱལ་ཁབ་གཞན་པའི་བར་གྱི་འབྲེལ་བར་གཏོར་བརླག་གཏོང་རྩིས་བྱས་ན། ཨུ་རུ་སི་ཡིས་ཕྱིར་རྒོལ་ལན་སྤྲོད་པའི་རྣམ་འགྱུར་སྟོན་ངེས་ཡིན་ཟེར།

 

བསོད་ནམས་ཚེ་རིང་གིས་བསྒྱུར།