སོ་ཏི་ཨ་རབ་དང་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅུ་གཉིས་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་གཞུང་ཚབ་ཞབས་ཞུ་དང་འགྲུལ་སྐྱེལ་གནམ་གྲུ་སླར་གསོ་བྱེད་མགོ་བརྩམས་པར་དགའ་བསུ་བྱས།
སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་ཉིན་དེར་སོ་ཏི་ཨ་རབ་ཀྱི་ནུབ་ཕྱོགས་གྲུ་ཁའི་གྲོང་ཁྱེར་ཅི་ཏཱ་རུ་འབྱོང་ནས། སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་པར་མ་ཟད་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་གྲོས་མོལ་བྱས། དེ་ནི་ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ཉམས་ཉེན་བྱུང་བའི་ཚུན་ལ་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་དང་པོར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་པ་རེད།
འཚམས་འདྲི་མཇུག་སྒྲིལ་བའི་སྐབས་སུ་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་ཆབ་སྲིད་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པ་དང་། སི་རི་ཡཱའི་གཅིག་གྱུར་དང་བདེ་འཇགས། གཏན་འཇགས་སོགས་ལ་སྲུང་སྐྱོབ་བྱེད་པར་གྲོས་བསྡུར་བྱས།
སོ་ཏི་ཨ་རབ་དང་སི་རི་ཡཱ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་ནང་སི་རི་ཡཱའི་མི་ཆོས་རིང་ལུགས་ཉམས་ཉེན་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་སི་རི་ཡཱའི་མངའ་ཁོངས་ཧྲིལ་བོར་སྐྱེལ་བར་ཆ་རྐྱེན་བཟང་བོ་བསྐྲུན་རྒྱུ་མ་ཟད། སི་རི་ཡཱའི་ཡུལ་གྱར་བ་དང་ཡུལ་འཁྱམ་བྱེད་མཁན་ཕྱིར་རང་ཡུལ་དུ་ལོག་པར་འདེགས་བྱེད་པར་ཡིད་འཐད་བྱུང་།
རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་འཇིགས་སྐུལ་ངོ་རྒོལ་དང་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བ། སི་རི་ཡཱའི་མངའ་ཁོངས་ཀྱི་ཁྲིམས་འགལ་མཚོན་ཆམ་ཕབ་གཏོང་བ། སི་རི་ཡཱའི་ཨ་རབ་རྒྱལ་ཁབ་ཁྲོད་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས་པར་མ་ཟད། གཅིག་གྱུར་སྒོས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་རྒྱུའི་ཚུལ་བསྟན།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། སོ་ཏི་ཨ་རབ་ཀྱིས་ཕྱི་ལོར་སི་རི་ཡཱའི་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་བཅད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།