ཁོང་གི་ཅིན་རྒྱལ་ཁབ་ཀྱི་བྱང་ཕྱོགས་གྲོང་སྡེ་མང་བོར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།
2023.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཁོང་གི་ཅིན་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་ཚེས་བཅུ་བཞི་ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་དབྱི་ཐུའུ་ལེ་ཞིང་ཆེན་ ཀྲུའུ་ཀུའུ་ས་ཁུལ་གྱི་གྲོང་སྡེ་མང་བོར་ཉིན་དེའི་ཐོ་རེངས་ཀྱི་དུས་སུ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་བཞི་བཅུ་རྐྱེན་ལམ་དུ་ཤོར་ཟེར།

དབྱི་ཐུའུ་ལེའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཨིན་ཀུང་ཀི་ཡིས་སྨྱན་སྦྱོར་ལ་བདེན་དཔང་བྱེད་རྒྱུར། ཀྲུའུ་ཀུའུ་ས་ཁུལ་དུ་ཡོད་པའི་གྲོང་སྡེ་མང་བོར་ཚེས་བཅུ་བཞི་ཉིན་གྱི་ཐོ་རེངས་ཀྱི་དུས་སུ་ཁོང་གོ་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཞེས་པའི་དྲག་ཆས་རྩ་འཛུགས་དེའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཟེར། ས་དེའི་སྨྱན་སྦྱོར་གྱིས་ས་དེའི་དཔོན་རིགས་ཀྱིས་བཤད་པའི་སྐད་ཆ་དྲངས་པ་ལྟར་ན། འཇབ་རྒོལ་བྱེད་ཡུལ་དུ་བེམ་པོ་བཞི་བཅུ་རྙེད་པ་དང་། དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར།

ཁོང་གོ་ཅིན་རྒྱལ་ཁབ་ཀྱི་ཤར་ཕྱོགས་ས་ཆའི་བདེ་འཇགས་གནས་བབ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ས་གནས་ཀྱི་དྲག་ཆས་རྩ་འཛུགས་དང་ཕྱི་རྒྱལ་གྱི་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་རྩ་འཛུགས་མང་བོ་ས་དེ་རུ་འགུལ་སྐྱོད་བྱེད་བཞིན་ཡོད། ཁོང་གོ་ཅིན་སྲིད་གཞུང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་པའི་ཟླ་མཇུག་ནས་བཟུང་པེ་ཅི་ཝུའུ་ཞིང་ཆེན་དང་དབྱི་ཐུའུ་ལིས་ཞིང་ཆེན་དུ་བཀག་སྡོམ་བྱེད་བཞིན་ཡོད།

ཕྱུག་ལོས་བསྒྱུར།