པེད་ཏིན་གྱིས་ཡང་བསྐྱར་ཨ་མེ་རི་ཁའི་ཙུང་ཐུང་ལ་འགྲན་རྩོད་བྱེད་རྒྱུའི་ཚུལ་བསྟན།
2023.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཨིར་ལན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཀུང་ཟི་ཡིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཨིར་ལན་དུ་འཚམས་འདྲི་བྱེད་པའི་སྐབས་སུ་བསྟན་དོན། ཁོས་ཡང་བསྐྱར་ཨ་མེ་རི་ཁའི་ཙུང་ཐུང་ལ་འགྲན་རྩོད་བྱེད་རྒྱུ་ཡིན་ཟེར།

ས་དེའི་ཚེས་བཅུ་བཞི་ཉིན་གྱི་ནམ་གུང་། པེད་ཏིན་ཕྱིར་ཨ་མེ་རི་ཁར་ལོག་ལ་ཉེ་བའི་སྐབས་སུ་གསར་འགོད་པར་བཤད་རྒྱུར། ། ཁོས་ཡང་བསྐྱར་ཙུང་ཐུང་ལ་འགྲན་རྩོད་བྱེད་རྒྱུའི་སེམས་ཐག་བཅད་པ་དང་། མྱུར་མོར་ཆོད་དོན་དེ་ཕྱི་ཕྱོགས་ལས་དངོས་སུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

པེད་ཏིན་ཚེས་བཅུ་གཉིས་ཉིན་པའོ་ལིན་དུ་འབྱོར་ནས་ཨིར་ལན་དུ་འཚམ་འདྲི་བྱས་པ་ཡིན་ལ། དེའི་སྐབས་སུ་པེད་ཏིན་གྱིས་ཨིར་ལན་གྱི་ཙུང་ཐུང་ཞི་ཅིན་སི་དང་གྲོས་མོལ་བྱས་པར་མ་ཟད། ཨིར་ལན་གྱི་ཙུང་ལི་ཝ་ལཱ་ཏི་ཁཱ་དང་གྲོས་མོལ་བྱས་པ་རེད།

ཉིས་སྟོང་ཉི་ཤུ་ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་ཁྲོད། དམངས་གཙོ་ཏང་མི་པེད་ཏིན་ལ་རྒྱལ་ཁ་ཐོབ་པ་རེད། སྨྱན་བྱད་ཀྱིས་བསྒྲགས་པལྟར་ན། པེད་ཏིན་གྱིས་ཁོའི་སྤྱི་མཐུན་ཏང་གི་འགྲན་ཡ། སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་ཉིས་སྟོང་ཉེར་བཞི་ལོའི་ཨ་མེ་རི་ཁའི་ཙུང་ཐུང་འདེམ་བསྐོའི་ཁྲོད་འགྲན་རྩོད་བྱེད་ངེས་རེད་ཟེར། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པར། ཐི་ལིང་ཕུའུ་ཡིས་ཡང་བསྐྱར་ཨ་མེ་རི་ཁའི་ཙུང་ཐུང་ལ་འགྲན་རྩོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།