འཇར་མན་གྱི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིས་འཇར་མན་གྱི་འགྲན་རྩོད་ནུས་པ་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་ཚུལ་བསྟན།
2023.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

འཇར་མན་གྱི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལུའུ་སི་བོ་མུའུ་ཡིས་ཚེས་བཅུ་བདུན་ཉིན་ཚོགས་མགོ་བརྩམས་པའི་འཇར་མན་གྱི་ཧན་ནོའུ་ཝེ་བཟོ་ལས་འགྲེམ་སྟོན་ཚོགས་འདུའི་སྟེང་བསྟན་དོན། ལས་ཁུངས་དེས་ཚོད་དཔག་བྱས་པའི་ཉིས་སྟོང་ཉེར་གསུམ་ལོའི་འཇར་མན་གྱི་ཕྱིར་གཏོང་བརྒྱ་ཆའི་གཉིས་ཡས་མས་འཕར་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གི་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔའི་འཕར་སྣོན་ལས་དམའ་བར་མངོན་ཟེར། ལུའུ་སི་བོ་མུའུ་ཡིས་འཇར་མན་གྱི་འཛམ་གླིང་ཡོངས་ཀྱི་ཚོང་རའི་ཐོབ་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ། འཇར་མན་གྱི་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ནུས་པ་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་། ཁོས་ད་རུང་བསྟན་དོན། འཇར་མན་གྱི་གློག་ཤུགས་མ་རྩ་མཐོ་དྲགས་པས། འཇར་མན་གྱིས་ཡིད་རྟོན་རུང་ཞིང་ཁག་ཁུར་ཐུབ་པའི་ནུས་ཁུངས་མཁོ་འདོན་ལ་འགན་སྲུང་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།