ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་རྒྱལ་ས་ཐུ་ནི་ཞི་ཡཱ་ནས་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་ལ་ཐུག་འཕྲད་བྱས།
ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཡིས་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་ཐུ་ནི་ཞི་ཡཱ་ནས་འཚམས་འདྲིར་ཡོང་བའི་སི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མཱེ་ཁི་ཏཱ་ཏི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་སི་རི་ཡཱའི་བར་གྱི་སྤུན་ཟླ་ལྟ་བུའི་མཉམ་ལས་འབྲེལ་བ་སླར་གསོ་བྱེད་པར་མཐའ་གཅིག་ཏུ་རེ་བ་བྱེད་བཞིན་ཡོད་ལ། ཕྱོགས་གིཉས་ཀྱིས་ཁྱབ་ཁོངས་སོ་སོའི་གནད་དོན་ཐད་ནས་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
ཐུ་ནི་ཞི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སེ་དབྱེ་ཏི་ཡིས་ཐུག་འཕྲད་བྱེད་སྐབས་ཐུ་ནི་ཞི་ཡཱ་དང་སི་རི་ཡཱ་རྒྱལ་ཁབ་གིས་ཀྱི་དཔལ་ཡོན་དང་རིག་གནས་ཀྱི་ཐུན་མོང་རང་བཞིན་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པའི་ཐུན་མོང་གི་ཆོད་སེམས་ནན་བཤད་བྱས།
ཐུ་ནི་ཞི་ཡཱ་ཕྱོགས་ཀྱིས་གདན་ཞུ་བྱས་པ་ལྟར་མཱེ་ཁི་ཏཱ་ཏི་ཚེས་བཅུ་བདུན་ཉིན་ཐུ་ནི་ཞི་ཡཱ་རུ་འབྱོར་ནས་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱས་པ་རེད། ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་པུའུ་ཡིས་དེའི་སྔོན་གྱི་གསལ་སྒྲོག་ཅིག་ལས་བསྒྲགས་པ་ལྟར་ན། མཱེ་ཁི་ཏཱ་ཏི་ཡི་འཚམས་འདྲི་ནི་ཐུ་ནི་ཞི་ཡཱ་དང་སི་རི་ཡཱ་ཡིས་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པའི་རེ་འདུན་གྱི་སྒྲོམ་གཞིའི་ང་སྤེལ་བ་རེད་ཟེར།
ཐུ་ནི་ཞི་ཡཱ་དང་སི་རི་ཡཱ་རྒྱལ་ཁབ་གཉིས་ཀྱིས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་བྱེད་ཡིན་ཟེར།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ནང་འཁྲུག་བྱུང་བའི་རྗེས་སུ། ཐུ་ནི་ཞི་ཡཱ་ཡིས་ཕྱི་ལོར་སི་རི་ཡཱའི་བར་གྱི་འབྲེལ་ཐག་བཅད་པ་རེད། སེ་དབྱེ་ཏི་ཡིས་ཉིས་སྟོང་བཅུ་དགུ་ལོར་ཐུ་ནི་ཞི་ཡཱའི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཐེངས་མང་བོར་སི་རི་ཡཱའི་ཕྱོགས་ལ་འབྲེལ་བ་སླར་གསོ་བྱེད་པའི་བརྡ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།