ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་ཚེས་བཅུ་དགུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞིའི་འཕེལ་རིམ་གསར་བ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་འགུལ་སྐྱོད་གསར་བ་ཞེས་པའི་བརྗོད་དོན་མཚམས་སྦྱོར་བྱ་འགུལ་གཙོ་སྒྲུབ་བྱས།
ཀྲུང་གོ་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཁང་གི་མགོ་བ་ལོ་ཀྲའོ་ཧོས་ཀྱིས་གཏམ་བཤད་གལ་ཆེན་སྤེལ་སྐབས་བསྟན་དོན། ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པ་དང་། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་སོགས་བསམ་བློའི་འདུ་ཤེས་གལ་ཆེན་དག་གིས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ལས་དོན་སླར་གསོ་བྱེད་པའི་ཁྲོད་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་བཏོན་ཡོད། ཀྲུང་གོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་འབད་འབུངས་བྱས་ནས། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་ཉམས་མྱོང་བཟང་བོ་མང་དུ་བསགས་ཡོད་ལ། ལག་བསྟར་བྱས་ཆོག་པ་དང་གཞན་གྱིས་ལད་མོ་བྱས་ཆོག་པའི་ལག་བསྟར་ཇུས་གཞི་འདོན་སྤྲོད་བྱས་ཡོད་ཟེར།
ལོ་ཀྲའོ་ཧོས་ཀྱིས་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་བརྒྱུད་གཅིག་ལམ་གཅིག་དངོས་འབེབས་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་བཞག་པའི་འབུར་ཐོན་བྱས་རྗེས་མཚམས་སྦྱོར་ཞིབ་ཏུ་བྱས་པར་མ་ཟད།
འཛམ་གླིང་ཡོངས་ཀྱིས་མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དངོས་འེབས་བྱེད་དགོས་པ་དང་། དམིགས་འབེན་གྱི་ཐུན་མོང་ལྟ་ཚུལ་སྲ་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་འགྲིལ་ཤུགས་གཅིག་བསྡུ་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་ཁྲིད་ལ་དོ་སྣང་བྱས་ནས་གཅིག་འདོམ་མཐུན་སྦྱོར་ལ་ཤུགས་སྣོན་དགོས་པར་མ་ཟད། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་གནད་དོན་མཉམ་དུ་ཐག་གཅོད་བྱེད་པར་འབད་འབུངས་བྱེད་དགོས་པ་ནན་བཤད་བྱས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་ལག་ལེན་དུ་བསྟར་ནས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་མ་ལག་གི་ཀྲུང་གོར་སྡོད་པའི་མཐུན་སྦྱོར་པ་ཁྲང་ཆི་ཏི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ་སི་ཕཱ་ཐའོ་ལེ་སཱ་ནོའུ་བཅས་ཀྱིས་སོ་སོར་ཞུ་ཚིག་ཕུལ་ཏེ། ཀྲུང་གོས་བཏོན་པའི་སྣེ་ཁྲིད་ནུས་པ་དང་རྒྱལ་ཁབ་ཆེན་མོའི་ཁག་ཁུར་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་མཉམ་དུ་འགུལ་སྐྱོད་སྤེལ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཧུའུ་རི་ལེ་པཱ་ཐི་ཨར་དང་ཁུ་པཱ། ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་པུའུ་ཀྲང་རིམ་པའི་དཔོན་རིགས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་མཛའ་མཐུན་ཚན་ཆུང་གི་ཁོངས་མིའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི། ལས་ཁུངས་མང་བོའི་འཐུས་མི་སོགས་མི་ཉིས་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།