ཧན་གོས་འཇར་པན་ཆབ་སྲིད་མགོ་ཁྲིད་པས་ཅིན་གོ་ལྷ་ཁང་དུ་མཆོད་རྫས་ཕུལ་བར་ཡིད་འཕང་བའི་ཚུལ་བསྟན།
2023.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐའེ་ཝུན་ཞོང་སོགས་ཆབ་སྲིད་ལས་རིགས་ཀྱི་མཐོ་རིམ་མགོ་ཁྲིད་པས་ཉིན་དེར་ཅིན་གོ་ལྷ་ཁང་དུ་མཆོད་རྫས་ཕུལ་བར་ཡིད་འཕང་བའི་ཚུལ་བསྟན།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་མགྲིན་ཚབ་པའི་མིང་ཐོག་ནས་དཔྱད་བརྗོད་སྤེལ་ནས། ཅིན་གོ་ལྷ་ཁང་གིས་འཇར་པན་གྱི་འདས་སོང་གི་བཙན་འཛུལ་དམག་འཁྲུག་གི་ལོ་རྒྱུས་ཡག་བཤད་བྱས་པ་དང་། འཐབ་འཁྲུག་ཉེས་ཅན་ལ་མཆོད་འབུལ་བྱས་ཡོད། འཇར་པན་གྱི་ཆབ་སྲིད་ལས་རིགས་ཀྱི་མཐོ་རིམ་མི་སྣས་ཡང་བསྐྱར་མཆོད་རྫས་ཕུལ་བའམ་མཇལ་ཕྱག་བྱས་པར་ཧན་གོ་ཕྱོགས་འཕང་སེམས་ཆེན་པོ་སྐྱེས་ཡོད་ཟེར། ཧན་གོའི་སྲིད་གཞུང་གིས་འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་དངོས་ལ་གདོང་གཏད་ནས་དོན་དངོས་བྱ་སྤྱོད་ཀྱིས་ལོ་རྒྱུས་སྟེང་གི་རང་སྐྱོན་ངོས་ལེན་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།