འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་ཉེར་གཅིག་ཉིན་སྲིད་འཛིན་ལས་ཁུངས་ཀྱི་ཙུང་ལི་བློན་ཆེན་གྱི་མིང་བཟུང་སྟེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རིམ་པ་དང་པོའི་འཐབ་འཁྲུག་ཉེས་ཅན་མཆོད་འབུལ་བྱེད་སའི་ཅིན་གོ་ལྷ་ཁང་དུ་མཆོད་རྫས་ཕུལ་བ་རེད།
ཅིན་གོ་ལྷ་ཁང་གིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་དཔྱིད་ཀའི་རྒྱུན་ལྡན་གྱི་མཆོད་འབུལ་བྱ་འགུལ་སྤེལ། འཇར་པན་གྱི་ངལ་རྩོལ་བློན་ཆེན་ཅཱ་ཐིན་ཧྲིན་ཞིན་གྱིས་ཀྱང་ཚེས་ཉེར་གཅིག་ཉིན་མཆོད་རྫས་ཕུལ་བ་རེད།
ཅིན་གོ་ལྷ་ཁང་དེ་ཏུང་ཅིན་ཆན་ཏའེ་ཐེན་ས་ཁུལ་དུ་གནས་པ་དང་། ཅིན་གོ་ལྷ་ཁང་ནང་ཏུང་ཐའོ་དབྱིན་ཇི་དང་བཅས་པའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རིམ་པ་གཉིས་པའི་འཐབ་འཁྲུག་ཉེས་ཅན་བཅུ་བཞི་མཆོད་འབུལ་བྱས་ཡོད། དུས་ཡུན་རིང་བོར། འཇར་པན་གྱི་ཆབ་སྲིད་པ་དང་རྒྱལ་ཚོགས་གྲོས་ཁང་གི་གྲོས་མི་སྐོར་ཞིག་གིས་ཅིན་གོ་ལྷ་ཁང་ལ་མཆོད་འབུལ་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། འཇར་པན་རྒྱལ་ནང་གི་ཞི་བདེ་ལ་དགའ་བའི་མི་སྣ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པ་དང་། འཇར་པན་དང་ཀྲུང་གོ། ཧན་གོ་སོགས་ཨེ་ཤ་ཡཱ་གླིང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།