ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། ཕུའུ་ཐའོ་ཡའི་རྒྱལ་ས་ལི་སི་པིན་ནས་འཚོགས་པའི་སྐབས་གཉིས་པའི་ཕུའུ་ཐའོ་ཡའི་རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྟེང་། ཀྲུང་གོ་སློབ་གསོ་པུའུ་ཕྱི་རྒྱལ་སྐད་ཡིག་བརྗེ་རེས་མཉམ་ལས་ལྟེ་གནས་དང་ཕུའུ་ཐའོ་ཡའི་ཚན་རྩལ་མཐོ་རིམ་སློབ་གསོ་པུའུ་ཨོ་མིན་ཚན་རིག་རིག་གནས་ལྟེ་གནས་གཉིས་ཀྱིས་མཉམ་ལས་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་སྐད་ཡིག་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱུ་དེ་རེད།
ཐུའུ་ཐོ་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པིན་ཐང་གིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཕྱོགས་གཉིས་ཀྱི་ལས་ཁུངས་ཀྱི་མཉམ་ལས་བྱེད་མགོ་བརྩམས་པ་དེ་ལས་ཀྲུང་གོ་དང་ཕུའུ་ཐའོ་ཡ་རྒྱལ་ཁབ་གཉིས་ཀྱིས་མི་གཞུང་བརྗེ་རེས་ཇེ་མང་དུ་གཏོང་བའི་ཕྱོགས་སུ་ཐུན་མོང་གི་ལྟ་ཚུལ་གང་མང་ཡོད་པ་དང་། མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་ཀྱི་སྐད་ཡིག་བརྗེ་རེས་དང་མཉམ་ལས་ཐད་ནས་ལེའུ་གསར་བ་ཞིག་འབྲི་ངེས་རེད།
ཀྲུང་གོ་སློབ་གསོ་པུའུ་ཕྱི་རྒྱལ་སྐད་ཡིག་བརྗེ་རེས་མཉམ་ལས་ལྟེ་གནས་ཀྱི་ཀྲུའུ་རིན་མཱ་ཅན་ཧྥེ་ཡིས་བཤད་རྒྱུར། ཕུའུ་ཐའོ་ཡ་ཚན་རྩལ་མཐོ་རིམ་སློབ་གསོ་པུའུ་ཨོ་མིན་ཚན་རིག་རིག་གནས་ལྟེ་གནས་དང་དེ་མིན་སྔར་ལས་མང་པོའི་ཕུའུ་ཐའོ་ཡའི་སློབ་གླིང་དང་ལས་ཁུངས་བར་ལ་མཉམ་ལས་བཟང་བོ་བྱས་ཚེ། རྒྱལ་ཁབ་གཉིས་ཀྱི་སྐད་ཡིག་རིག་གནས་བརྗེ་རེས་ཇེ་མང་དུ་འགྲོ་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་པར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།
ཕུའུ་ཐའོ་ཡ་ཚན་རྩལ་མཐོ་རིམ་སློབ་གསོ་པུའུ་ཨོ་མིན་ཚན་རིག་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་ཁ་མིན་མིན་ཏི་སི་ཡིས་བཤད་རྒྱུར། ཐེངས་འདིར་ཀྲུང་གོ་དང་མཉམ་དུ་མཉམ་ལས་བཟོད་སྒོམ་བརྗེད་ཐོའི་སྟེང་མིང་བཀོད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། དེས་ཕུའུ་ཐའོ་ཡ་དང་ཀྲུང་གོ་བར་གྱི་མཛའ་མཐུན་བརྗེ་རེས་དང་རིག་གནས་དཔྱད་གཞིར་འཛིན་པར་སྔར་ལས་སྐུལ་འདེད་གཏོང་ངེས་རེད།
སྐབས་གཉིས་པའི་ཕུའུ་ཐའོ་ཡའི་རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་ཕུའུ་ཐའོ་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དང་ཕུའུ་ཐའོ་ཡ་ཚན་རྩལ་མཐོ་རིམ་སློབ་གསོ་པུའུ་ཨོ་མིན་ཚན་རིག་རིག་གནས་ལྟེ་གནས་གཉིས་ཀྱི་མཉམ་དུ་བསྒྲུབས་པ་དང་། ཀྲུང་གོ་དང་ཕུའུ་ཐའོ་ཡ་རྒྱལ་ཁབ་གཉིས་ཀྱི་མི་བརྒྱ་དང་ལྔ་བཅུ་ལྷག་བྱ་འགུལ་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།