ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་ཡིས་བསྒྲགས་པའི་གསར་འགྱུར་ནང་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་མི་གྲངས་ལ་སྔོན་དཔག་བྱས་པ་ལྟར་ན། ཟླ་བཞི་བའི་ནང་རྒྱ་གར་ནི་འཛམ་གླིང་དུ་མི་གྲངས་ཆེས་མང་བའི་རྒྱལ་ཁབ་ཏུ་འགྱུར་ངེས་རེད་ཟེར།
གསར་འགྱུར་ནང་བཤད་དོན། ད་ལོའི་ཟླ་བཞི་བའི་ཟླ་མཇུག་ཏུ་རྒྱ་གར་གྱི་སྤྱིའི་མི་གྲངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་གཉིས་ས་ཡ་ལྔ་ལྷག་ལ་སླེབས་པར་མ་ཟད་སྔོན་དཔག་བྱས་ན་བཅུ་ཕྲག་འགའི་ནང་མུ་མཐུད་དུ་འཕར་སྣོན་འབྱུང་ངེས་ཡིན་ཟེར། གཞན་ད་དུང་རྒྱ་གར་གྱི་ལོ་ལོན་གྱི་མི་གྲངས་མགྱོགས་མྱུར་སྒོས་འཕར་སྣོན་འབྱུང་ངེས་ཡིན། ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ལྔ་བཅུའི་བར། རྒྱ་གར་གྱི་ལོ་རེ་ལྔ་དང་དེའི་ཡན་གྱི་མི་གྲངས་ལྡབ་གཅིག་ལྷག་གིས་འཕར་སྣོན་འབྱུང་ངེས་ཡིན་མོད། འོན་ཀྱང་ལོ་ལོན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ལས་ཟིན་པའི་བསྡུར་ཚད་ལ་བལྟས་ན། རྒྱ་གར་གྱི་མི་གྲངས་ལོ་ལོན་ཅན་དུ་འགྱུར་བའི་གནད་དོན་དེ་འདྲ་འབུར་ཐོན་མིན་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།