ཉིས་སྟོང་ཉེར་གསུམ་ལོར་ཨུ་རུ་སིའི་དཔལ་འབྱོར་འཕར་ཚད་དེ་བརྒྱ་ཆའི་གཅིག་དང་བརྒྱ་ཆའི་གཉིས་བར་འཕར་སྣོན་འབྱུང་ངེས་རེད།
2023.04.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་ཨོ་ལེ་ཧྲི་ཅིན་གྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སྔོན་དཔག་བྱས་ན་ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་བར་དུ། ཨུ་རུ་སིའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་གཅིག་ནས་བརྒྱ་ཆའི་གཉིས་བར་འཕར་སྣོན་འབྱུང་ངེས་ཡིན་ཟེར།

ཨོ་ལེ་ཧྲི་ཅིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚུན་ལ། ཨུ་རུ་སིའི་དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ལས་ཤོར་གྱི་ཚད་དེ་ཅུང་དམའ་བའི་ཆུ་ཚད་དུ་སྲུང་འཛིན་བྱས་ཡོད།

ཐ་སི་གསར་འགྱུར་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་ཀྲུང་དབྱང་དངུལ་ཁང་གིས་དེའི་སྔོན་ལ་སྔོན་དཔག་བྱས་པ་ལྟར། ཉིས་སྟོང་ཉེར་གསུམ་ལོར་ཨུ་རུ་སིའི་དཔལ་འབྱོར་དེ་བརྒྱ་ཆའི་གཅིག་ཙམ་གྱིས་འཕར་སྣོན་འབྱུང་སྲིད་པ་དང་། ཉིས་སྟོང་ཉེར་བཞི་ལོར་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔའི་བར་འཕར་སྣོན་འབྱུང་ངེས་རེད།

 

བཀྲ་ཤིས་འབུམ་གྱིས་བསྒྱུར།