རྒྱ་གར་བདེ་འཇགས་དམག་དཔུང་ལ་འཇབ་རྒོལ་ཐེབས་ཏེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།
2023.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

རྒྱ་གར་བདེ་འཇགས་དམག་དཔུང་ལ་ཚེས་ཉེར་དྲུག་ཉིན་དབུས་ཕྱོགས་ཀྱི་ཆའེ་ཏིས་སི་ཀུ་ཨར་མངའ་སྡེ་རུ་འགད་རྫས་ཀྱི་འཇབ་རྒོལ་ཐེབས་ཏེ་བདེ་འཇགས་དམག་དཔུང་གི་མི་བཅུ་དང་ཁ་ལོ་བ་གཅིག་རྐྱེན་ལམ་དུ་ཤོར།

རྒྱ་གར་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན།   འཇབ་རྒོལ་དོན་རྐྱེན་དེ་མངའ་སྡེའི་དེའི་ལྷོ་ཕྱོགས་ཀྱི་ཏན་ཐི་ཝ་ཏ་ས་ཁུལ་དུ་བྱུང་བ་དང་།   འཇབ་རྒོལ་ཐེབས་པའི་བདེ་འཇགས་དམག་དཔུང་གིས་ནཱ་ས་ཨར་རིང་ལུགས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་གཙང་བཅོམ་བྱེད་པའི་འགུལ་སྐྱོད་མཇུག་སྒྲིལ་ཏེ་ཕྱིར་བགྲོད་སྐབས་འགས་གཏོར་འགབ་རྒོལ་ཐེབས་ཏེ་བསྡོམས་པས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།    འཇབ་རྒོལ་ཐེབས་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད།

འཇབ་རྒོལ་དོན་རྐྱེན་བྱུང་རྗེས།  རྒྱ་གར་ནང་སྲིད་པུའུ་ཀྲང་ཨ་མེས་ཐི་ཧྲ་ཨ་ཡིས་ཆའེ་ཏི་སི་ཀུ་ཨར་མངའ་སྡེའི་པུའུ་ཀྲང་ལ་ཁ་པར་བཏང་སྟེ་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས།  ཧྲ་ཨ་ཡིས་བསྟན་དོན།   རྒྱ་གར་ཀྲུང་དབྱང་སྲིད་གཞུང་གིས་ས་གནས་སྲིད་གཞུང་གིས་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

                                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།