ཕུའུ་ཐོ་ཡའི་ཙུང་ཐུང་ཏི་སའོ་ས་ཡིས་ཚེས་ཉེར་ལྔ་ཉིན་གྲོས་ཁང་གི་བཞི་གཉིས་ལྔའི་གསར་བརྗེའི་རྗེས་དྲན་ཚོགས་ཆེན་སྟེང་བཤད་རྒྱུར། ཕུའུ་ཐོ་ཡས་མི་སེར་སྤེལ་བའི་སྐབས་སུ་མི་སེར་སྤེལ་ཡུལ་གྱི་སྡོད་དམངས་ལ་བཤུ་གཞོག་བྱས་པ་དང་བྲན་གཡོག་ལམ་ལུགས་སྤྱད་པར་དགོངས་དག་ཞུ་དགོས་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཏི་སའོ་ས་ཡིས་གཏམ་བཤད་སྐབས་མི་སེར་སྤེལ་སའི་སྡོད་དམངས་ལ་བཤུ་གཞོག་དང་གཡོག་བཀོལ་བྱས་པའི་ལོ་རྒྱུས་གླེང་། ཁོས་ད་དུང་དགོངས་དག་ཞུ་བ་མ་ཟད་འགན་ཁུར་དགོས་པའི་ཚུལ་བསྟན།
ཉིན་དེར། འཚམས་འདྲིར་ཡོང་བའི་པ་ཞིའི་ཙུང་ཐུང་ལུའུ་ལ་ཡང་རྗེས་དྲན་ཚོགས་ཆེན་ལ་ཞུགས་པར་མ་ཟད། ཕུའུ་ཐོ་ཡའི་གྲོས་ཁང་གྲོས་ཚོགས་སྟེང་གཏམ་བཤད།
ཏི་སའོ་ས་ཡིས་གཏམ་བཤད་སྐབས་བསྟན་དོན། མི་སེར་སྤེལ་བ་དེས་པ་ཞི་དང་པ་ཞིའི་མི་དམངས་ཀྱི་ཁེ་ཕན་མང་པོ་བློས་བཏང་ཟེར།
རིན་ཆེན་མཚོས་བསྒྱུར།