ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཀྲུང་གོའི་སྤྱི་དམངས་ཆིག་སྟོང་སུམ་བརྒྱ་ལྷག་སུའུ་ཏན་ནས་བདེ་འཇགས་ངང་གཞན་ལ་སྤར་ཡོད་ཅེས་བཤད།
2023.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་ཉེར་བདུན་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། མིག་སྔའི་བར་དུ་ཀྲུང་གོའི་སྤྱི་དམངས་ཆིག་སྟོང་སུམ་བརྒྱ་ལྷག་སུའུ་ཏན་ནས་བདེ་འཇགས་ངང་གཞན་ལ་སྤར་ཡོད་ཟེར།

 མའོ་ཉིང་གིས་བཤད་རྒྱུར། སུའུ་ཏན་དུ་འཐབ་འཁྲུག་བྱུང་རྗེས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཉིན་མཚན་གཉིས་ཀར་འབད་བརྩོན་གྱིས་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་དང་། ཕྱིར་འཐེན་འགུལ་སྐྱོད་ལ་རྩ་འཛུགས་ཞིབ་མོ་བྱས་ཡོད། མིག་སྔའི་བར་དུ་ཀྲུང་གོའི་སྤྱི་དམངས་ཆིག་སྟོང་སུམ་བརྒྱ་ལྷག་བདེ་འཇགས་ངང་གཞན་ལ་སྤར་བ་དང་། ལ་ལ་ཀྲུང་གོའི་དམག་གྲུ་དང་གྲུ་གཞན་དུ་བསྡད་ནས་སུའུ་ཏན་ལ་བྲལ་ཡོད་ལ། ལ་ལ་སུའུ་ཏན་དང་འབྲལ་བཞིན་པའི་སྒང་ཡིན་ཟེར། 

མའོ་ཉིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། སུའུ་ཏན་གྱི་རྒྱལ་ས་ཁ་ཧྲི་མུའུ་ཕུད་པའི་ས་ཁུལ་གཞན་དག་ཏུ་ཡང་ཀྲུང་གོའི་སྤྱི་དམངས་ཉུང་ངུ་ཡོད་པས། ང་ཚོས་ཁོ་ཚོའི་བདེ་འཇགས་ལ་སེམས་ཁུར་བྱེད་བཞིན་པ་དང་། མུ་མཐུད་འབད་བརྩོན་ཆེས་ཆེན་པོས་ཁོ་ཚོར་རོགས་རམ་བྱ་རྒྱུ་ཡིན། ཐེངས་འདིའི་ཕྱིར་འཐེན་འགུལ་སྐྱོད་ཁྲོད་དུ་ང་ཚོས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཕྱི་རྒྱལ་གྱི་སྤྱི་དམངས་ཕྱིར་འཐེན་བྱེད་པའི་ཐད་རོགས་རམ་གང་ལེགས་བྱས་ཡོད། མིག་སྔའི་བར་དུ། ཀྲུང་གོས་རྒྱལ་ཁབ་ལྔའི་སྤྱི་དམངས་ཀྲུང་གོའི་གྲུ་གཟིངས་ལ་བསྡད་དེ་སུའུ་ཏན་ནས་ཕྱིར་འཐེན་བྱེད་པར་རོགས་རམ་བྱས་པ་དང་། གཞན་ཁབ་གཞན་པས་ཀྱང་ཀྲུང་གོས་ཁོ་ཚོར་རོགས་རམ་བྱ་རྒྱུའི་རེ་བ་བཏོན་ཡོད་པས། ཀྲུང་གོས་མུ་མཐུད་དུ་རང་ནུས་ཅི་ཡོད་ཀྱིས་རོགས་རམ་བྱ་རྒྱུ་ཡིན་ཟེར།