ཝང་དབྱི་ཡིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཆབ་སྲིད་པའི་མཉམ་འབྲེལ་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས།
2023.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་ཚེས་ཉེར་བདུན་ཉིན་པེ་ཅིང་ནས་ཐང་ཀ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་གཞོན་པའོ་ཞོར་དུ་ཁྲིམས་འཛིན་བློན་ཆེན་གྱི་འགན་ཁུར་མཁན་ཝ་དབྱི་ཕུའུ་ལུའུ་ཚོགས་གཙོ་ཡིན་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཆབ་སྲིད་པའི་མཉམ་འབྲེལ་རྟོག་ཞིབ་ཚོགས་པར་ཐུག་འཕྲད་བྱས། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དག་ནི་ཕན་ཚུན་ཆ་ཡོད་རྒྱུས་ཡོད་ཀྱི་ལོ་མང་པོའི་གྲོགས་པོ་རྙིང་བ་ཡིན། ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་རྒྱུན་མ་ཆད་པར་རྒྱ་བསྐྱེད་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཛའ་བརྩེ་ཡང་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་ཡོད། ཀྲུང་གོས་གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་ཕྱོགས་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་བ་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཏང་དང་ཏང་བར་གྱི་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད་ཟེར། 

ཝ་དབྱི་ཕུའུ་ལུའུ་སོགས་ཀྱིས་བཤད་རྒྱུར། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དག་གིས་ཀྲུང་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་བཞིན་ཡོད། ཏང་དང་ཏང་བར་གྱི་འགྲོ་འོང་སོགས་སྟེགས་བུ་བརྒྱུད་དེ་ཕན་ཚུན་བརྩི་བཀུར་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་དུ་སྤེལ་འདོད་ཡོད་ཟེར།