སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སི་རི་ཡའི་དབུས་ཕྱོགས་ཀྱིས་ཧོ་མུའུ་སི་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ལ་ཉིན་དེའི་སྐྱ་རེངས་ཀྱི་དུས་སུ་དབྱི་སི་རལ་གྱི་འཕུར་མདའི་འཇབ་རྒོལ་ཐེབས་ནས། མི་སེར་གསུམ་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་སོང་ཟེར།
སི་རི་ཡའི་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཉིན་དེའི་སྐྱ་རེངས་ཀྱི་དུས་སུ། དབྱི་སི་རལ་གྱིས་ཧོ་མུའུ་སི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧོ་མུའུ་སིའི་མཐའ་སྐོར་ས་ཁུལ་ལ་འཕུར་མདས་འཇབ་རྒོལ་བྱས་པ་དང་། སི་རི་ཡའི་མཁའ་ཟོན་མ་ལག་གིས་འཕུར་མདའ་བཀག་པར་མ་ཟད་འཕུར་མདའ་ཁ་ཤས་ས་རུ་འཕངས་ཡོད་ཟེར།
གསལ་བསྒྲགས་ནང་དུ་བཤད་རྒྱུར། འཇབ་རྒོལ་ལས་མི་སེར་གསུམ་ལ་རྨས་ཕོག་པ་དང་། སྣུམ་སྣོན་ས་ཚིགས་ཤིག་མེར་འབར་ནས། སྣུམ་སྐྱེལ་རླངས་འཁོར་མང་པོ་མེར་འབར་སོང་ཟེར། གསལ་བསྒྲགས་ནང་དུ་འཇབ་རྒོལ་ཐེབས་ས་གང་ཡིན་པ་གསལ་བོར་བཤད་མེད།
སི་རི་ཡ་ནས་ནང་འཁྲུག་བྱུང་རྗེས། དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་འཇབ་རྒོལ་བྱེད་པ་རྒྱུན་མཚན་དུ་བྱས་ནས་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཐེངས་མང་བོར་བར་སྣང་ནས་འཇབ་རྒོལ་བྱས། སི་རི་ཡ་དང་དབྱི་ལང་གི་སྲིད་གཞུང་གིས་སི་རི་ཡ་རུ་དབྱི་ལང་གི་བཅའ་སྡོད་དམག་དཔུང་ཡོད་པ་ཁས་ལེན་བཞིན་མེད།