མོ་ཞི་ཁོའི་ཙུང་ཐུང་ལོ་ཕེ་སི་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཨ་མེ་རི་ཁས་མངོན་སུམ་དུ་མོ་ཞི་ཁོའི་སྲིད་གཞུང་ལ་རྒོལ་བའི་དམངས་ཁྲོད་རྩ་འཛུགས་ལ་མ་དངུལ་གྱིས་རོགས་སྐྱོར་བྱས་པར་དོགས་པ་ཟ་བ་དང་། དེ་ནི་མོ་ཞི་ཁོའི་ནང་སྲིད་ལ་ཐེ་གཏོགས་བྱས་པའི་བྱ་སྤྱོད་ཅིག་རེད་ཟེར།
ཉིན་དེར་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་ནས་བསྡུས་པའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ལོ་ཕེ་སི་ཡིས་ཁོས་ཚེས་གཉིས་ཉིན་ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་ལ་བསྐུར་བའི་འཕྲིན་ཡིག་ཁྱབ་བསྒྲགས་བྱས། ཁོས་འཕྲིན་ཡིག་དེའི་ནང་དུ་བཤད་རྒྱུར། གོང་དུ་བཤད་པའི་མ་དངུལ་དེ་ནི་ཨ་མེ་རི་ཁའི་རྒྱལ་སྤྱི་གསར་སྤེལ་ཧྲུའུ་ཡིས་བྱིན་པ་ཡིན་སྲིད། དེས་མི་ཚད་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་ཞིག་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་ལས་ཁུངས་ཀྱིས་ད་དུང་མོ་ཞི་ཁོའི་རྒྱལ་ནང་གི་རྩ་འཛུགས་དེར་མ་དངུལ་སྔར་ལས་མང་བོ་གཏོང་རྩིས་འདུག་ཟེར།
ལོ་ཕེ་སི་ཡིས་བསྟན་དོན། ཨ་མེ་རི་ཁའི་འབྲེལ་ཡོད་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་ལ། བདག་དབང་ཅན་གྱི་རྒྱལ་ཁབ་བར་དུ་ཡོད་འོས་པའི་ཕན་ཚུན་བརྩི་འཇོག་གི་རྩ་དོན་དང་འགལ་ཡོད་ཟེར། ཁོས་པད་ཏིན་གྱིས་གོང་གི་དོན་དག་དེ་ཤེས་རྗེས་གནད་དོན་དེ་དག་ཐག་གཅོད་རྒྱུའི་རེ་བ་བཏོན།
ཉིས་སྟོང་ཉེར་གཅིག་ལོའི་ཟླ་ལྔ་པར། མོ་ཞི་ཁོའི་སྲིད་གཞུང་གིས་ཨ་མེ་རི་ཁར་ཕྱི་འབྲེལ་འཕྲིན་ཡིག་བསྐུར་ནས། ཨ་མེ་རི་ཁས་མོ་ཞི་ཁོའི་དམངས་ཁྲོད་རྩ་འཛུགས་ལ་མ་དངུལ་བྱིན་པར་དོགས་པ་ཟ་བའི་ཐད་ནས་རྒོལ་གཏམ་བཏང་མྱོང་།