དབྱིན་ཇིས་ཟླ་ལྔ་པའི་ཚེས་དྲུག་ཉིན། རྒྱལ་པོ་ཁྲ་ཨར་ཟི་སྐུ་ཕྲེང་གསུམ་པར་ཁྲི་འདོན་མཛད་སྒོ་བསྡུས་པ་དང་། དབྱིན་ཇིའི་གོང་མ་ཚང་གི་ཁོངས་མི་དང་སྲིད་གཞུང་གི་དཔོན་རིགས། ཆོས་དཔོན་མི་སྣ། ཕྱི་རྒྱལ་གྱི་གོང་མ་ཚང་གི་ཁོངས་མི། སྲིད་དོན་མི་སྣ་གལ་ཆེན་སོགས་མཛད་སྒོར་ཞུགས།
ས་དེའི་དུས་ཚོད་ཟླ་ལྔ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་རྗེས་སུ། རྒྱལ་པོ་ཁྲ་ཨར་ཟི་སྐུ་ཕྲེང་གསུམ་པ་དང་རྒྱལ་མོ་ཁ་མིས་ལ་རྣམ་གཉིས་གཅིག་རྗེས་གཉིས་མཐུད་ངང་ལོན་ཏོན་གྱི་ཝེ་ཟི་མེན་ཟི་ཐི་ཆོས་ཁང་དུ་ཁྲི་འདོན་བྱས་པ་དང་། དུས་ཚོད་གཉིས་ཙམ་གྱི་རིང་ལ་ཁྲི་འདོན་བྱས།
ཁྲི་འདོན་མཛད་སྒོ་མ་བསྡུས་པའི་སྔོན་དང་བསྡུས་རྗེས་སུ། རྒྱལ་པོ་དང་རྒྱལ་མོ་ཤིང་རྟ་འཁོར་ལོར་བསྡད་དེ། པའེ་ཅིན་ཧན་ཕོ་བྲང་དང་ཝེ་ཟི་མེན་ཟི་ཐི་ཆོས་ཁང་ཉེ་འགྲམ་གྱི་སྲང་བར་དུ་ཆིབས་ཁ་བསྒྱུར་ནས། ལམ་བར་མང་ཚོགས་ཀྱི་སྨོན་འདུན་དང་ལེན་ཞུས་པར་མ་ཟད། ཆར་པའི་ཁྲོད་སྒུག་པའི་མི་ཚོགས་ལ་ཕྱག་གཡུག་གཡུག་བྱས་ནས་གུས་འདུད་ཀྱང་ཞུས། ཉིན་དེའི་ཕྱི་དྲོར་རྒྱལ་པོ་དང་རྒྱལ་མོ། དབྱིན་ཇིའི་གོང་མ་ཚང་གི་ཁོངས་མི་གཞན་དག་བཅས་ཀྱིས་པའེ་ཅིན་ཧན་ཕོ་བྲང་གི་ཉི་ཁྱམས་སྟེགས་བུའི་སྟེང་ནས་འཕུར་སྐྱོད་འཁྲབ་སྟོན་ལ་གཟིགས།
དབྱིན་ཇིས་ཐེངས་སྔོན་མར་རྒྱལ་པོའི་ཁྲི་འདོན་མཛད་སྒོ་སྤེལ་བ་ནི་ལོ་ངོ་བདུན་ཅུའི་སྔོན་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།