དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་དམིགས་འབེན་མང་པོ་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཆེས་ཉུང་མཐར་ཡང་མི་དགུ་བསད་ཟེར། 
2023.05.09 ཁུངས། ཀློག་གྲངས། 31

ས་དེའི་དུས་ཚོད་ཚེས་དགུ་ཉིན་གྱི་སྐྱ་རེངས་ཀྱི་དུས་སུ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཕ་ལེ་སི་ཐན་གྱི་ཅ་ཧྲ་ས་ཁུལ་གྱི་དམིགས་འབེན་མང་པོར་བར་སྣང་ནས་འཇབ་རྒོལ་བྱས། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། བར་སྣང་འཇབ་རྒོལ་ཁྲོད་ནས་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་ཟེར།  

དབྱི་སི་རལ་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འཐབ་མཆོག་རྩ་འཛུགས་ཅེ་ཧྭ་ཏི་དམིགས་འབེན་དུ་བཟུང་ནས་འཇབ་རྒོལ་བྱས་པ་ཡིན་ལ། དམག་དོན་འགུལ་སྐྱོད་ཁྲོད་དུ་ཅེ་ཧྭ་ཏིའི་མཐོ་རིམ་དཔོན་རིགས་གསུམ་བསད་ཟེར། ཅེ་ཧྭ་ཏིས་ཅུང་འགོར་རྗེས་གསལ་སྒྲོག་སྤེལ་ནས། མཐོ་རིམ་དཔོན་པོ་གསུམ་དབྱི་སིར་གྱི་དམག་གིས་བསད་པར་གཏན་ཁེལ་བྱས།

གསར་འགོད་པས་གསར་འགྱུར་སྤེལ་བའི་བར་དུ། བར་སྣང་འཇབ་རྒོལ་འགུལ་སྐྱོད་སྔར་བཞིན་སྤེལ་བཞིན་འདུག

  སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།