དབྱི་རག་གི་ཙུང་ལིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་བཞིན་དུ་དུག་རྫས་དང་འབྲེལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཞེས་བཤད།
2023.05.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

སྐབས་དང་པོའི་པ་ཀི་ཏའི་རྒྱལ་སྤྱིའི་དུག་འགོག་གྲོས་ཚོགས་ཚེས་དགུ་ཉིན་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་འཚོགས་མགོ་བརྩམས། དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་ཡིས་གྲོས་ཚོགས་སྟེང་བཤད་རྒྱུར། དུག་རྫས་ཀྱིས་དབྱི་རག་གི་སྤྱི་ཚོགས་ལ་འཇིགས་སྣང་ཚབས་ཆེན་བཟོ་བཞིན་པས། དབྱི་རག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་བཞིན་དུ་དུག་རྫས་དང་འབྲེལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

དབྱི་རག་གི་ཙུང་ལིའི་སྨྱན་སྦྱོར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། སུའུ་ཏ་ཉི་ཡིས་གྲོས་ཚོགས་ཀྱི་སྟེང་དུ་གཏམ་བཤད་སྐབས། དུག་རྫས་ནི་འཇིགས་སྐུལ་རིང་ལུགས་ཀྱི་མ་རྩའི་ཡོང་ཁུངས་གཙོ་བོ་ཞིག་ཡིན་པ་དང་། དུག་རྫས་ཀྱི་འཁོར་རྒྱུག་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་འགེབ་སྲུང་འོག་ཏུ་ཚབས་ཇེ་ཆེ་ནས་ཇེ་ཆེ་ཡིན་པས། དབྱི་རག་གི་བདེ་སྲུང་དམག་དཔུང་གིས་དུག་རྫས་ལྐོག་འཚོང་དང་དུག་རྫས་སྐྱེལ་འདྲེན། ད་དུང་དོན་དག་དེའི་རིགས་དང་འབྲེལ་བའི་མི་སྣ་བཅས་ནི་བདེ་འཇགས་ལ་གནོད་བསྐྱལ་བའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་དུ་བརྩི་རྒྱུ་ཡིན་ཞེས་བཤད་ཟེར། ཁོས་དུག་རྫས་ཀྱི་དྲ་བར་ཆམ་ཕབ་པའི་གཏོང་བའི་ཐད་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་སྤེལ་རྒྱུའི་འབོད་སྐུལ་བཏང་།

སྐབས་དང་པོའི་པ་ཀི་ཏའི་རྒྱལ་སྤྱིའི་དུག་འགོག་གྲོས་ཚོགས་ཀྱི་འཚོགས་ཡུན་ཉིན་གཉིས་རེད། ཚོགས་འདུར་ཞུགས་པའི་འཐུས་ཚབ་དག་ནི་དབྱི་རག་དང་སོ་ཏི་ཨ་རབ། ཨེ་ཅིབ། སི་རི་ཡ། དབྱི་ལང་། ལེ་པ་ནུན། ཅོར་ཏན། ཁོ་ཝེ་ཐི། ཐུར་ཁེ་སོགས་རྒྱལ་ཁབ་ནས་ཡོང་བ་རེད།

ཉེ་བའི་ལོ་འགའི་རིང་ལ། པ་ཀི་ཏའི་དབུལ་ཕོངས་སྡེ་ཁུལ་དང་དབྱི་རག་གི་ལྷོ་ཕྱོགས་ས་ཁུལ་དུ་དུག་རྫས་གང་སར་མཆེད་པའི་གནད་དོན་བྱུང་བས། དབྱི་རག་དབང་འཛིན་ལས་ཁུངས་ཀྱིས་དུག་རྫས་དང་འབྲེལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་ཤུགས་ཇེ་ཆེར་བཏང་ཡོད།