ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་པོ་ལོ་ཏེ་མཚོ་ཁོངས་ནས་ཧྥ་རན་སི་དང་འཇར་མན་གྱི་གནམ་གྲུ་ཨུ་རུ་སིའི་མངའ་ཁོངས་སུ་འཛུལ་བར་འགོག་རྒོལ་བྱས།
2023.05.16 ཁུངས། ཀློག་གྲངས། 21

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཚོད་འཛིན་ལྟེ་གནས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། སུའུ་གཉིས་བདུན་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་ཉིན་དེར་པོ་ལོ་ཏེ་རྒྱ་མཚོའི་བར་སྣང་ནས་འཇར་མན་དང་ཧྥ་རན་སིའི་སྐོར་སྐྱོད་གནམ་གྲུ་དང་བསྡེབས་ནས་འཕུར་ཏེ། སྐོར་སྐྱོད་གནམ་གྲུ་ཨུ་རུ་སིའི་མངའ་ཁོངས་སུ་འཛུལ་བར་འགོག་རྒོལ་བྱས་ཟེར།

ཆ་འཕྲིན་ལས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་བར་སྣང་ཁྱབ་ཁོངས་ཀྱི་བརྙན་མིག་སྒྲིག་ཆས་ཀྱིས་ཉིན་དེར་པོ་ལོ་ཏེ་མཚོ་ཁོངས་ཀྱི་བར་སྣང་དུ་ཨུ་རུ་སིའི་རྒྱལ་མཚམས་སུ་འཕུར་ནས་ཡོང་བཞིན་པའི་གནམ་གྲུ་གཉིས་མཐོང་ཞིང་། ཨུ་རུ་སིའི་པོ་ལོ་ཏེའི་མཚོ་གྲུའི་རུ་ཁག་གིས་སུའུ་གཉིས་བདུན་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་མཁའ་རུ་མངགས་ནས་རྒྱུས་ལོན་བྱེད་དུ་བཅུག་པ་ན། མ་གཞི་དེ་ནི་འཇར་མན་གྱི་མཚོ་དམག་གིp-3cརྟགས་ཅན་གྱི་སྐོར་སྐྱོད་གནམ་གྲུ་དང་། ཧྥ་རན་སིའི་ཞི་བདེ་རྒྱ་མཚོ་རྟགས་གཉིས་པ་ཅན་གྱི་སྐོར་སྐྱོད་གནམ་གྲུ་གཉིས་རེད། ཨུ་རུ་སིའི་གནམ་གྲུས་དེ་གཉིས་དང་བསྡེབས་ནས་འཕུར་ཏེ། ཨུ་རུ་སིའི་མཐའ་མཚམས་ལ་བཙན་འཛུལ་བྱེད་པར་བཀག་འགོག་བྱས།

ཆ་འཕྲིན་ལས་བསྒྲགས་པ་ལྟར་ན། ཕྱི་རྒྱལ་གྱི་དམག་མིའི་གནམ་གྲུ་དེ་གཉིས་ཨུ་རུ་སིའི་རྒྱལ་མཚམས་དང་རིང་དུ་གྱེས་རྗེས། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་ཡང་ཕྱིར་གནམ་གྲུ་ཐང་དུ་བབས་ཟིན་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།