སི་ལོ་ཝ་ཁི་རྒྱལ་ཁབ་ཀྱི་ཙུང་ཐུང་ཆ་ཕུའུ་ཐོ་ཝ་ཡིས་ཚེས་བཅོ་ལྔ་ཉིན་དངོས་སུ་སི་ལོ་ཝ་ཁི་ཀྲུང་དབྱང་དངུལ་ཁང་གི་འགོ་གཙོ་གཞོན་པ་ཟུར་པ་ཨོ་ཏོ་ཨར་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་རུ་བསྐོས།
ཨོ་ཏོ་ཨར་གྱིས་ཉེ་སྔོན་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་བྱས་པའི་ཧེ་ཀི་ཨར་གྱི་ཚབ་བྱས་ཏེ། སྐབས་གསར་བའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིའི་འགན་ཁུར། ཁོས་བཤད་རྒྱུར། མ་འོངས་པར་སྲིད་གཞུང་གི་རྒྱུན་ལྡན་འཁོར་རྒྱུག་ལ་ཁག་ཐེག་བྱེད་རྒྱུ་ཡིན་ལ། དེ་འདེམས་བསྐོ་ཆེན་མོའི་བར་དུ་རྒྱུན་བསྲིང་རྒྱུ་ཡིན་ཟེར། ཁོས་ད་རུང་སང་ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་་རྒྱུ་ཡིན་ཞེས་བཤད།
ཟླ་འདིའི་ཚེས་བདུན་ཉིན། སི་ལོ་ཝ་ཁིའི་ཞིང་ལས་པུའུ་ཀྲུང་ས་མུའུ་ཨེ་ཨར་ཧྥེ་ཨར་ཆ་ཨུན་དང་ཕྱི་འབྲེལ་པུའུ་ཀྲང་ལཱ་སི་ཏིས་སི་ལ་ཧྥུའུ་ཁ་ཚེ་ཨར་གཉིས་ཀྱིས་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་བྱས་རྗེས། སྐབས་དེའི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཧེ་ཀི་ཨར་གྱིས་ཀྱང་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་བྱས།
ན་ནིང་ཟླ་དགུ་པར། སི་ལོ་ཝ་ཁིའི་རང་དབང་མཐུན་སྒྲིལ་ཏང་དེ་སྲིད་སྐྱོང་མནའ་འབྲེལ་ལས་ཕྱིར་བུད་པར་བསྟུན་ནས། སྲིད་སྐྱོང་མནའ་འབྲེལ་གྱི་རྒྱལ་མང་གྲོས་དམངས་གྲོས་ཁང་གི་གོ་གནས་མང་བོ་ཤོར། ལོ་དེའི་ཟླ་བཅུ་གཉིས་པར། རྒྱལ་དམངས་གྲོས་ཁང་སྲིད་གཞུང་ལ་ཡིད་རྟོན་མེད་པའི་གྲོས་གཞི་ཞིག་ལ་གྲོས་འཆམ་བྱུང་བ་དང་། དེའི་རྗེས་སུ་ཆ་ཕུའུ་ཐོ་ཝ་ཡིས་སྲིད་གཞུང་ཁ་ཐོར་དུ་གཏོང་བའི་བཀའ་ཁྱབ་བཀོད་པ་དང་མཉམ་དུ། ཧེ་ཀི་ཨར་ལ་ལྟ་སྐྱོང་སྲིད་གཞུང་གི་མགོ་ཁྲིད་དབང་ཆ་བསྩལ། སི་ལོ་ཝ་ཁིས་ད་ལོའི་ཟླ་དགུ་པའི་སྔོན་ལ་གྲོས་ཚོགས་ཀྱི་འདེམ་བསྐོ་བསྡུ་རྩིས་ཡོད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།