ཀྲུང་གོར་སྡོད་པའི་ཨོ་སི་ཁྲུ་ལི་ཡའི་བློན་ཆེན་ཞའོ་ཆན་གྱིས་ཚེས་བཅོ་བརྒྱད་ཉིན་ཨོ་སི་ཁྲུ་རི་ལི་ཡའི་སྨྱན་སྦྱོར་སྟེང་བཤད་རྒྱུར། ཀྲུང་ཨོ་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་བར་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲི་ལི་ཡ་དང་མཉམ་དུ་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། ཀྲུང་ཨོ་འབྲེལ་བ་ཡང་དག་གི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་སྣེ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམ་འཛིན་བྱས་ནས། ཀྲུང་ཨོ་འབྲེལ་བ་བདེ་ཐང་བརྟན་འཇགས་ཀྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན།
ཁོས་བཤད་རྒྱུར། གོ་རིམ་འདིའི་ཁྲོད་དུ། ཕྱོགས་གསུམ་ནི་ཤིན་ཏུ་གལ་ཆེན་ཡིན།
ཐོག་མར་ཆབ་སྲིད་སྟེང་ནས་ཕན་ཚུན་ལ་བརྩི་བཀུར་བྱེད་དགོས། དུས་སྐབས་གསར་བའི་ཀྲུང་ཨོ་འབྲེལ་བ་ལ་ཕན་ཚུན་བརྩི་བཀུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕན་ཚུན་གྱི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་བཀུར་བྱེད་པ་དང་། ཕ་རོལ་གྱི་སྲོག་ཤིང་ཁེ་ཕན་དང་སེམས་འཁུར་བྱེད་ས་གཙོ་བོར་བརྩི་བཀུར་བྱེད་པ་དང་། རང་སོ་སོའི་འཕེལ་རྒྱས་ཀྱི་ཁེ་དབང་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་བཞག་བྱེད་དགོས། ཀྲུང་ཨོ་གཉིས་ཀྱི་རྒྱལ་ཁབ་གནས་ཚུལ་མི་མཐུན་མོད། ཕན་ཚུན་ལ་བརྩི་བཀུར་རྒྱུན་འཁྱོངས་བྱས་ན། འཆམ་མཐུན་མཉམ་གནས་བྱེད་ཆོག་ཆོག་ཡིན།
གཉིས་ནི་དཔལ་འབྱོར་སྟེང་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་འབད་དགོས། ཀྲུང་ཨོ་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན། ཀྲུང་ཨོ་དངོས་གཉེར་མཉམ་ལས་ཀྱིས་ཀྲུང་གོ་ལ་སྤུས་ཚད་མཐོ་བའི་ཚོང་རྫས་དང་ཞབས་ཞུ་མཁོ་སྤྲོད་བྱས་པ་མ་ཟད། ཨོ་སི་ཁྲུ་རི་ལི་ཡའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་ཡོད།
གསུམ་ནི་འགལ་བ་ལུགས་མཐུན་གྱིས་ལེགས་སྒྲིག་བྱེད་དགོས། ཀྲུང་ཨོ་ལམ་ཕྱོགས་གཅིག་ལ་བསྐྱོད་ན། ཕན་ཚུན་གྱི་ཕྱོགས་འགལ་དང་ཧེ་བག་ལ་ཡང་དག་གི་ལྟ་སྟངས་འཛིན་དགོས། ཀྲུང་ཨོ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ནི་ཕན་ཚུན་ཕྱོགས་འགལ་ཙམ་ལས་ཆེ་བ་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་བསྟུན་ནས། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། འཛུགས་སྐྲུན་རང་བཞིན་གྱི་བགྲོ་གླེང་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཆེ་རུ་སྐྱེད་པ་དང་། ཕྱོགས་འགལ་ཇེ་ཆུང་དུ་གཏོང་པ། སྔར་མེད་ལེགས་སྒྱུར་བྱེད་པ། ཕྱོགས་གཉིས་ཀྱི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱས་ནས། ཀྲུང་ཨོ་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ཁྲོད་ནང་དོན་གསར་བ་ཁ་སྣོན་བྱེད་དགོས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།