ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཚེས་བཅོ་བརྒྱད་ནས་བཅུ་དགུ་ཉིན་ཞི་ཨན་ནས་བསྡུས།
2023.05.19 ཁུངས། ཀློག་གྲངས། 19

ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། ཝུའུ་ཙི་པེ་ཁུ་སི་ཐན་གྱི་བརྙན་འཕྲིན་གསར་འགོད་པ་མཱ་ཏ་ལིས་ཧོང་ཐོ་རི་ཧོང་ནོ་ཧྥུའུ་ཡིས་བཤད་རྒྱུར། གཙོ་སྒྲུབ་ཕྱོགས་ཀྱིས་གྲ་སྒྲིག་བྱས་པ་ཚགས་སུ་ཆུད་འདུག  གནས་འདིའི་མི་དམངས་ལ་བྱམས་བརྩེ་ལྡན་ཞིང་སྤྲོ་སེམས་རབ་ཏུ་འཁོལ་ཡོད། ཐེངས་འདིའི་རྩེ་ཚོགས་ནི་ཆུ་ཚད་མཐོ་བའི་རྒྱས་ཚོགས་ཤིག་རེད། དོན་སྙིང་གལ་ཆེན་ལྡན་པའི་གྲུབ་འབྲས་ལེན་ཐུབ་ངེས་རེད་ཟེར། 

ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྩེ་ཚོགས་ཚེས་བཅོ་བརྒྱད་ནས་བཅུ་དགུ་ཉིན་ཞི་ཨན་ན་བསྡུ་བཞིན་འདུག རྩེ་ཚོགས་ཀྱི་སྐབས་སུ། རྒྱལ་ཁབ་མི་འདྲ་བའི་གསར་འགོད་པ་དག་གིས་གོ་རིམ་ལྡན་ཞིང་བྲེལ་འཚུབ་ཀྱི་ཁྲོད་ན་ལས་ལ་བྲེལ་བཞིན་འདུག