ཚེས་17ཉིན་ཀྲ་ཏི་ལྷོ་ནུབ་རྒྱུད་ཀྱི་ཏུང་ལུའོ་ཀུང་ས་ཁུལ་གྱི་དཔོན་རིགས་ཀྱིས་ས་ཆ་དེར་ཚེས་17ཉིན་གྱི་ཞོགས་པར་ཇག་པས་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི་སེར་དཀྱུས་མ12དང་ཇག་པ་6བསད་ཡོད་པ་ཁྱབ་བསྒྲགས་བྱས།
དཔོན་རིགས་དེས་ས་གནས་དེ་གའི་དུས་ཚོད་ཚེས་17ཉིན་གྱི་ཆུ་ཚོད་4པ་ཙམ་ལ་ཇག་པ་ཚོས་ས་གནས་དེ་གའི་གྲོང་ཚོ་ཞིག་ལ་འཇབ་རྒོལ་བྱས་པས་མི་སེར་དཀྱུས་མ9རྐྱེན་ལམ་དུ་ཤོར་བ་དང་། རྨས་མ་3སྨན་བཅོས་བྱས་ཀྱང་མ་ཕན་པར་རྐྱེན་ལམ་དུ་ཤོར་བ་མ་ཟད། ཇག་པ་6སྲིད་གཞུང་གི་བདེ་འཇགས་སྟོབས་ཤུགས་དང་འཁྲུག་རྩོད་བྱེད་སྐབས་བསད་ཡོད་ཟེར།
ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཏུང་ལུའོ་ཀུང་ས་ཁུལ་དེ་ཁ་མེ་ལུང་དང་ཧྥེ་གླིང་དབུས་མ་སྤྱི་མཐུན་རྒྱལ་ཁབ་གཉིས་དང་འབྲེལ་ཡོད་པས་འཇབ་རྒོལ་པ་ནི་ཀྲ་ཏི་ཡི་མི་མིན་པར་ངོས་འཛིན་བྱེད་ཀྱིན་ཡོད།
ཀྲ་ཏི་ཡི་བར་བརྒལ་ཙུང་ཐུང་མོ་ཧན་མོ་ཏི·ཏའེ་པེས་ཀྱིས་ཚེས་17ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་ཐོག་འཇབ་རྒོལ་དེ་བྱུང་བ་ཁས་ལེན་བྱས་པ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་མྱ་ངན་ཞུས།
ཤ་བོ་གསེར་མཚོས་བསྒྱུར།