གསེར་གྱོམ་རྒྱལ་ཁབ་ཀྱི་རིག་གཞུང་གླེང་སྟེགས་སྐབས་བཅོ་ལྔ་པ་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅུ་བདུན་ཉིན་བར་ཨ་ཧྥེ་རི་ཁ་ལྷོ་མི་ཁེ་ཕུའུ་ཏུན་ནས་སྤེལ། ཐེངས་འདིའི་གླེང་སྟེགས་ནི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། གསེར་གྱོམ་རྒྱལ་ཁབ་རིག་མཛོད་ཀྱིས་ཐོག་དང་པོར་སྤེལ་བའི་གཞི་རྒྱ་ཆེ་བའི་ཕྱོགས་བསྡུས་བརྗེ་རེས་རེད། གསེར་གྱོམ་རྒྱལ་ཁབ་ཀྱི་ཆེད་མཁས་པ་བརྒྱ་ཕྲག་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་པོའི་ཨ་ཧྥེ་རི་ཁ་ལྷོ་མ་རུ་སྡོད་པའི་ཕོ་ཉ། ཨ་ཧྥེ་རི་ཁ་ལྷོ་མའི་མཐོ་རིམ་སློབ་གྲྭའི་དགེ་སློབ། ཨ་ཧྥེ་རི་ཁ་ལྷོ་མའི་མཐོ་རིམ་སློབ་གསོ་གླིང་དང་ཕྱི་འབྲེལ་གླིང་གི་དཔོན་པོ་གླེང་སྟེགས་ལ་ཞུགས།
ཐེངས་འདིའི་གླེང་སྟེགས་ནི་ཨ་ཧྥེ་རི་ཁ་ལྷོ་མའི་གསེར་གྱོམ་རྒྱལ་ཁབ་རིག་མཛོད་དང་ཨ་ཧྥེ་རི་ཁ་ལྷོ་མའི་མི་ཆོས་དང་སྤྱི་ཚོགས་ཚན་རིག་རྒྱལ་ཁབ་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་བྱས། གླེང་སྟེགས་ཀྱིས་དྲང་གཞག་དྲང་བདེན་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། གསེར་གྱོམ་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་སྐམ་སའི་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱེད་པ། རིམས་ནད་ཀྱི་དུས་རིམ་རྗེས་མའི་སྤྱི་ཚོགས་དཔལ་འབྱོར་སླར་གསོ་དང་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྐྱེས་མའི་གོ་གནས་མཐོར་འདེགས་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིའི་སྐོར་ནས་གྲོས་སྡུར་བྱས། ཆེད་མཁས་པ་རྣམ་གྱིས་མགྲིན་གཅིག་ཏུ་ཨ་ཧྥེ་རི་ཁ་གླིང་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་འདུས་ཚད་ཆེས་ཆེ་བའི་སྐམ་ས་ཡིན་ལ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དང་མཉམ་ལས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་གསེར་གྱོམ་རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་ཏེ་རྐྱེན་སྲོལ་འཛུགས་སྐྲུན་དང་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་གིས་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཞིབ་འཇུག་ཁང་གི་ཀྲུའུ་རིན། གསེར་གྱོམ་རྒྱལ་ཁབ་རིག་མཛོད་མཉམ་ལས་ཀྱི་ཀྲུང་གོའི་ཕྱོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཅིན་ཞིན་གྱིས་བསྟན་དོན། ཀྲུང་གོས་གསེར་གྱོམ་རྒྱལ་ཁབ་ཀྱིརིག་གཞུང་གླེང་སྟེགས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་མངགས་ནས་དུས་ལྟར་ཀྲུང་གོའི་ཤེས་དཔལ་གྱི་བྱས་རྗེས་སྔར་ལས་གང་མང་འཇོག་པ་དང་རྒྱལ་ཁབ་སོ་སོའི་ཆེད་མཁས་པ་དང་ལྷན་ཅིག་ཏུ་གསལ་ལྷང་ལྷང་གི་གསེར་གྱོམ་གྱི་འབོད་སྐད་སྒྲོག་འདོད། ཐེངས་འདིའི་གླེང་སྟེགས་ཀྱིས་རྒྱལ་ཁབ་སོ་སོའི་སྐུ་མགྲོན་གྱིས་གསེར་གྱོམ་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་གླིང་དང་ལག་རྡང་སྦྲེལ་ནས་འཕེལ་རྒྱས་སུ་འགྲོ་བ་དང་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་གཞི་འཛིན་སར་བྱས་ནས་འཛམ་གླིང་ཧྲིལ་བོ་ཞི་བདེ་དང་བདེ་འཇགས་ཡོང་བ། ཤེས་རིག་བརྗེ་རེས་དང་ཕན་ཚུན་མེ་ལོང་དུ་འཛིན་པར་སྐུལ་སློབ་བྱེད་པ། མིའི་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འབུལ་བྱེད་པར་སྐུལ་འདེད་གཏོང་དགོས། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྐྱེན་སྲོལ་བཙུགས་པའི་ཚུན་ལ། རིག་མཛོད་མཉམ་ལས་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་མི་ཆོས་བརྗེ་རེས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ལམ་འཚོལ་མཁན་དང་སྲུང་སྐྱོབ་མཁན། སྐུལ་འདེད་མཁན་བཅས་ཡིན་ལ། གསེར་གྱོམ་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་རིག་མཛོད་མཉམ་ལས་དང་བརྗེ་རེས་ལ་སྐུལ་འདེད་བཏང་ན་གསེར་གྱོམ་མཉམ་ལས་ཐད་ཀྱི་ཡིད་ཆེས་འཕེལ་བ་དང་ལྟ་བ་གཅིག་མཐུན་འབྱུང་བ། བརྒྱུད་ལམ་འཚོལ་བར་ཕན་པ་ཡོད།
མི་ཕམ་མགོན་པོས་བསྒྱུར།