ཉིས་སྟོང་ཉེར་གསུམ་ལོའི་ཝེ་ཉི་སིའི་རྒྱལ་སྤྱིའི་འཛུགས་སྐྲུན་ལོ་ཟུང་འགྲེམ་སྟོན་གྱི་ཀྲུང་གོའི་རྒྱལ་ཁབ་འགྲེམ་སྟོན་ཁང་ཚེས་ཉེར་གཉིས་ཉིན་སྒོ་འབྱེད་ཀྱི་བྱ་འགུལ་སྤེལ་ནས། ལོ་ངོ་བཞི་བཅུ་ལྷག་རིང་གི་ཀྲུང་གོའི་འཛུགས་སྐྲུན་དང་མི་སྡོད་ཁོར་ཡུག་གི་འགྱུར་ལྡོག་དང་ལེགས་སྒྱུར་གྱི་གནས་ཚུལ་འགྲེམ་སྟོན་བྱས།
ཐེངས་འདིའི་ཀྲུང་གོའི་རྒྱལ་ཁབ་འགྲེམ་སྟོན་ཁང་གི་འགྲེམ་སྟོན་བརྗོད་གཞི་ནི་གསར་སྒྱུར་དང་མཉམ་བཏོད་ཅེས་པ་དེ་ཡིན་ལ། ཀྲུང་གོའི་ཇུས་འགོད་པས་སྡོད་དམངས་དང་རང་བྱུང་། སྲོལ་རྒྱུན་དང་དེང་རབས་བཅས་ཀྱི་ཇུས་འགོད་གྲུབ་འབྲས་དང་ཕུགས་རེ་འགྲེམ་སྟོན་བྱས་འདུག
ཀྲུང་གོ་རྒྱལ་ཁབ་འགྲེམ་སྟོན་ཁང་གི་ཇུས་འགྲེམ་པ། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་ཇུས་འགོད་སློབ་གླིང་གི་གླིང་གཙོ་ཡོན་ཞིན་གྱིས་བཤད་རྒྱུར། ཐེངས་འདིའི་འགྲེམ་སྟོན་གྱི་དམིགས་ཡུལ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་བཞི་བཅུའི་རིང་གི་གྲོང་ཁྱེར་དང་འཛུགས་སྐྲུན། སྡོད་དམངས་ཀྱི་འཚོ་བ། ཁྱད་པར་དུ་གཞིས་སྡོད་སྟབས་བདེ་ཅན་དུ་མཐོར་འདེགས་བྱུང་ཚུལ་སྐོར་གྱི་གྲུབ་འབྲས་ཆེན་པོ་དེ་འགྲེམ་སྟོན་བྱ་འདོད་པ་ཡིན་ཟེར།
ཀྲུང་གོའི་རྒྱལ་ཁབ་འགྲེམ་སྟོན་ཁང་གི་འགྲེམ་སྟོན་དེ་སྐུད་ལམ་དང་ཡུལ་དངོས་གཉིས་ནས་མཉམ་དུ་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། འགྲེམ་སྟོན་བྱ་དུས་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་བར་དུ་རྒྱུན་བསྲིང་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།