ཨུ་རུ་སིའི་སྨྱན་བྱད་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་བཏོན་པའི་ཨ་མེ་རི་ཁས་ཝུའུ་ཁི་ལན་ནས་སྐྱེ་དངོས་དམག་དོན་འཆར་གཞི་ལག་བསྟར་བྱེད་པའི་སྐོར་གྱི་གནད་དོན་སྔར་བཞིན་ཐག་གཅོད་བྱས་མེད་པ་དང་། ཨུ་རུ་སི་ཡིས་མུ་མཐུད་དུ་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱིས་དོན་དེར་ལན་སྟེར་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་སྐྱེ་དངོས་ཚོད་ལྟ་ཁང་མང་བོ་འཛུགས་སྐྲུན་དང་བསྒྱུར་བཀོད་བྱས་པ་ནི་རྒྱལ་ཁབ་མང་བོའི་བདེ་འཇགས་ཐད་ཀྱི་ངེས་པ་དོན་གྱི་འཇིགས་ཉེན་ཡིན་པ་དང་། སྐྱེ་དངོས་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་ལ་ཤུགས་སྣོན་བྱེད་དགོས་པ་བདེན་དཔང་བྱས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྱི་ཚོད་འཛིན་མི་བྱེད་པ་དང་ཉེན་ཁ་ཧ་ཅང་ཆེ་བའི་སྐྱེ་དངོས་དམག་དོན་བྱ་འགུལ་ལ་དོ་སྣང་ཆེན་པོ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།